གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སློབ་ཆེན་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

སྤེལ་དུས་: 2020ལོ་06ཟླ་08ཚེས་ 10:40 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས ༧ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཧར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ ༡༠༠ འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་། སློབ་གྲྭ་དེའི་དགེ་སློབ་ལས་བཟོ་བ་དང་སློབ་མ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ཧར་པིན་བཟོ་ལས་སློབ་ཆེན་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ཏང་གི་འགོ་ཁྲིད་འོག སློབ་གྲྭས་བྱང་ཤར་དུ་གཞི་རྐང་ཚུགས་པ་དང་། རྒྱལ་གཅེས་ལེགས་སྐྱེས་འབུལ་བ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས། རྒྱལ་ཁབ་ལ་ཁྱད་ནོར་འབོར་ཆེན་བཟོ་སྐྲུན་བྱས་པ་དང་། ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཏེ། ཏང་དང་མི་དམངས་ཀྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས་ཧར་པིན་བཟོ་ལས་སློབ་ཆེན་གྱིས་འགོ་འཛུགས་ས་གསར་པའི་ཐོག སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ཏེ། སློབ་ཁྲིད་མི་སྐྱོང་དང་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་ལས་དོན་ཁྲོད་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་དང་། འབད་འབུངས་ཡར་བརྩོན། ཕུལ་བྱུང་དོན་གཉེར་བཅས་བྱས་ནས། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།

ཧར་པིན་བཟོ་ལས་སློབ་ཆེན་ནི་སྤྱི་ལོ ༡༩༢༠ ལོར་བཙུགས་པ་དང་། སྤྱི་ལོ ༡༩༥༤ ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་གཙོ་གནད་ཐོག་འཛུགས་སྐྱོང་བྱ་ཡུལ་མཐོ་སློབ ༦ གི་ནང་ཚུད་ཡོད། ལོ་མང་རིང་། སློབ་གྲྭར་རྨང་གཞི་བརྟན་པ་དང་། ལག་ལེན་ཤུགས་ཆེ་བ། བརྒྱུད་རིམ་ནན་པ། གསར་གཏོད་དོན་དུ་གཉེར་བ་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ཆོས་གྲུབ་ཡོད་པ་དང་། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་ཁག་གཅིག་སྐྱེད་སྲིང་བྱས་ཡོད།།

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་རིགས་གཅིག་མཁས་པ་དང་རིག་གནས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་ཆེན་པོ་བྱུང་བ། ཞི་ཅིན་ཕིང་གིས་རིགས་གཅིག་མཁས་པ་དང་རིག་གནས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་འཚམས་འདྲི་ཞུས་པ། རྒྱལ་ཡོངས་སྲིད་གྲོས་སྐབས ༡༣ པའི་གྲོས་ཚོཊ་ཐེངས ༣ པ་མཇུག་སྒྲིལ་བ།