གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་གསུམ་ལ་མཚན་བཀོད་གནང་བ།

སྤེལ་དུས་: 2020ལོ་06ཟླ་23ཚེས་ 10:02 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༦ པའི་ཚེས ༢༠ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་དྲུག་པ་དང་། ཞེ་བདུན་པ། ཞེ་བརྒྱད་པ་ལ་མཚན་རྟགས་བཀོད་གནང་ཡོད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་དྲུག་པའི་ནང་།༼གཞུང་ཞབས་པའི་སྲིད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས༽ལ་སྤྱི་ལོ ༢༠༢༠ ལོའི་ཟླ ༦ ཚེས ༢༠ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ ༢༠༢༠ ལོའི་ཟླ ༧ ཚེས ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད་ཅེས་འཁོད་ཡོད་པ་དང་།

ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་བདུན་པའི་ནང་། ༼ཡིག་ཚགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས༽ལ་སྤྱི་ལོ ༢༠༢༠ ལོའི་ཟླ ༦ ཚེས ༢༠ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ ༢༠༢༡ ལོའི་ཟླ ༡ ཚེས ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད་ཅེས་འཁོད་ཡོད།

ཀྲུའུ་ཞིའི་བཀའ་རྒྱ་ཨང་ཞེ་བརྒྱད་པའི་ནང་། ༼མི་དམངས་དྲག་ཆས་ཉེན་རྟོག་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས༽ལ་སྤྱི་ལོ ༢༠༢༠ ལོའི་ཟླ ༦ ཚེས ༢༠ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་ཐོག་བཟོ་བཅོས་བརྒྱབ་ནས་གྲོས་འཆམ་བྱུང་བས། ད་ལྟ་ཡོངས་བསྒྲགས་བྱས་ཏེ་སྤྱི་ལོ ༢༠༢༠ ལོའི་ཟླ ༥ ཚེས ༢༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་དུག་འགོག་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་ནས་ཀྲུང་ཧྥེའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱ་དོན་འདི་དག་ལ་ཐུགས་ཁུར་ཆེན་པོ་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་བར་ས་གནས་དེ་གའི་མང་ཚོགས་དང་ལས་བྱེད་པའི་ཁྲོད་ལན་བྱ་བཟང་པོ་བྱུང་བ།