རྒྱལ་ཡོངས་ཀྱི་དུག་འགོག་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།རྒྱལ་སྤྱིའི་དུག་འགོག་ཉིན་མོ་སླེབས་ལ་ཉེ་བའི་མཚམས་འདིར། རྒྱལ་ཡོངས་དུག་འགོག་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་སྤྲོད་པའི་ཚོགས་ཆེན་སྤྱི་ཚེས ༢༣ ཉིན་གྱི་སྔ་དྲོ་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཡོད། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་། རྒྱལ་ཡོངས་ཀྱི་དུག་འགོག་འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོའི་མངའ་ཁོངས་ཕྱི་ནང་གི་དུག་རྫས་གནད་དོན་དང་། སྲོལ་རྒྱུན་གྱི་དུག་རྫས་དང་ གསར་ཐོན་པའི་དུག་རྫས་ཀྱི་གནོད་འཚེ། དྲ་ཐོག་དྲ་འོག་གི་དུག་རྫས་ཉེས་གསོག་སོགས་ཀྱི་གནད་དོན་བསྣོལ་འདྲེས་སུ་གནས་ཤིང་། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། གཟུགས་གཞི་བདེ་ཐང་། སྤྱི་ཚོགས་བརྟན་ལྷིང་བཅས་ལ་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད་པས། ངེས་པར་དུ་དུག་འགོག་ལས་དོན་མཐར་ཕྱིན་པ་སྤེལ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་བྱས་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་དང་། མི་རིགས། མི་དམངས། ལོ་རྒྱུས་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། དུག་འགོག་ནན་པོ་བྱེད་པའི་མཛད་ཕྱོགས་རྒྱུན་འཁྱོངས་དང་། དུག་འགོག་གི་མི་དམངས་དམག་འཐབ་ཡག་པོ་རྒྱག་པ། དུག་རྫས་འགོག་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དུག་འགོག་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་སྤེལ་བ། དུག་འགོག་ལས་དོན་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་ཆེད་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་དང་། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
རྒྱལ་དོན་ཨུ་ཡོན། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲའོ་ཁེ་ཀྲེས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐར་ཕྱིན་པ་བྱེད་པ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར་མིག་དཔེར་འཛིན་པ། ཆོད་སེམས་སྔར་བས་བརྟན་པ་དང་། བློ་སྟོབས་སྔར་བས་ཆེ་བ། ནུས་འབྲས་དང་བྱ་ཐབས་སྔར་བས་ཆེ་བ་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་དུག་འགོག་ལས་དོན་གྱི་མི་དམངས་དམག་འཐབ་ལ་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་ལེན་དགོས་ཞེས་བསྟན་གནང་ཡོད།
གྲོས་ཚོགས་ཐོག སྤྱི་ལོ ༢༠༡༥ ལོའི་ཚུན་དུ། དུག་འགོག་ལས་དོན་གྱི་འཐབ་ཕྱོགས་ཁག་ཏུ་བྱས་རྗེས་མངོན་གསལ་དོད་པོ་འཇོག་མཁན་གྱི་སྔོན་ཐོན་མཉམ་སྡེབ ༡༠༠ དང་། སྔོན་ཐོན་མི་སྒེར ༡༠༠ ལ་གཟེངས་བསྟོད་བྱས་ཡོད་པ་རེད། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་སྤྱི་བདེ་ཅུད་དུག་འགོག་ཡན་ལག་རུ་ཁག་དང་། ཧྲེན་ཀྲེན་འགག་སྒོའི་ལྐོག་འདྲེན་བཀག་འགོག་འཛིན་བཟུང་ཅུད་མྱུལ་ཞིབ་རུ་ཁག་གཉིས་པ། ཡུན་ནན་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཕུ་འར་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་ཟླ་ཆུ་མཐའ་མཚམས་ཞིབ་བཤེར་ས་ཚིགས། ནང་སོག་རང་སྐྱོང་ལྗོངས་ཟུངས་ཁྲག་ལྟེ་གནས་ཟུངས་ཁྲག་འགན་སྲུང་ཁོ་ཡི་ཀྲུའུ་རེན་ཐའོ་དབྱིང་ཁྲུན། ཅང་ཤི་ཞིང་ཆེན་ཕིང་ཤང་གྲོང་ཁྱེར་དུག་འགོག་དང་བླངས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཏོན་ཧྭ་ཧྲེང་སོགས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་གཏམ་བཤད་གནང་ཡོད།
གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་ཐོག་ནས་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་ཁག་གི་དུག་འགོག་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་དང་། སྔོན་ཐོན་མི་སྒེར་སོགས་ཁག་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་ཀྲུང་ཧྥེའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱ་དོན་འདི་དག་ལ་ཐུགས་ཁུར་ཆེན་པོ་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་བར་ས་གནས་དེ་གའི་མང་ཚོགས་དང་ལས་བྱེད་པའི་ཁྲོད་ལན་བྱ་བཟང་པོ་བྱུང་བ། འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ལུས་མི་རུང་།