ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མྱུར་དཔྱད་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར། གྲངས་ཉུང་མི་རིགས་གཅིག་ཀྱང་ལུས་མི་རུང་ཞེས་པ་སྤེལ་ཡོད།
མྱུར་དཔྱད་ནང་། སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུ་ནི། རང་རེའི་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་བརྗིད་ཆེའི་ཁས་ལེན་ཞུས་པ་ཞིག་རེད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྨང་གཞི་གལ་ཆེན་དང་འགག་རྩའི་གོམ་པ་ཞིག་རེད། ས་ཁུལ་གང་ཞིག་དང་མི་རིགས་སུ་ཞིག་ཀྱང་ལུས་མི་རུང་། འབྱོར་འབྲིང་ཁྱོན་ཡོངས་ནས་སྐྲུན་ཞེས་པ་ནི། མི་གཅིག་ཀྱང་མི་ལུས་པའི་འབྱོར་འབྲིང་ལ་བརྗོད་པ་དང་། མི་དམངས་ཡོངས་ལ་ཕན་པ་སྐྲུན་པའི་འབྱོར་འབྲིང་ལ་བརྗོད་ཀྱི་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་ལག་གདང་སྦྲེལ་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་བཞིན་ཡོད། དེའི་ཐོག་ནས་རང་རེའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་སྲོལ་རྒྱུན་བཟང་པོ་མངོན་ཡོད་ལ། རང་རེའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད། མི་རིགས་ས་ཁུལ་ཁྱོན་ཡོངས་ནས་འབྱོར་འབྲིང་ལམ་དུ་སྐྱོད་མ་ཐུབ་ན། རྒྱལ་ཡོངས་འབྱོར་འབྲིང་ཞེས་པ་ཡང་གླེང་ཐབས་བྲལ་ཡོད་ཅེས་བསྟན་ཡོད།
མྱུར་དཔྱད་ནང་། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་དེ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་རྨང་གཞི་དང་སྔོན་འགྲོ་ཡིན། མིག་སྔའི་ཆར། རྒྱལ་ཡོངས་སུ་ལྷག་བསྡད་པའི་དབུལ་ཕོངས་རྣམས་ནི། དབུལ་པོའི་ཁྲོད་ཀྱི་དབུལ་པོ་དང་། དཀའ་ངལ་ཁྲོད་ཀྱི་དཀའ་ངལ་དག་ཡིན། ལྷག་པར་དུ་མི་རིགས་ས་ཁུལ་ཁ་ཤས་ཀྱི་མང་ཚོགས་ལ་དཀའ་ངལ་མང་བ་དང་དཀའ་ངལ་ཡོད་པའི་མང་ཚོགས་མང་པོ་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འགྲན་རྩོད་གསར་པ་བཟོས་ཡོད། ང་ཚོས་དམིགས་འབེན་དམ་འཛིན་དང་། སྟོབས་ཤུགས་གཅིག་སྡུད། ཚད་གཞིར་འགྱུར་བ་མེད་པ། ཤུགས་ཚད་ཆུང་དུ་མི་གཏོང་བ། ཆེས་མཐའ་མའི་དཀའ་ཚེགས་ཆེ་ཤོས་དེ་ངར་ཤུགས་གཅིག་སྒྲིམ་གྱིས་ཁྱད་བསད་བྱེད་པ་བཅས་ཀྱི་ཐོག་ནས། དབུལ་ཕོངས་མང་ཚོགས་རྣམས་སྔ་ཙམ་དབུལ་སྒྲོལ་ཐུབ་པ་དང་། མི་རིགས་ས་ཁུལ་མགྱོགས་མྱུར་གོང་འཕེལ་ཡོང་བ་བྱ་དགོས་ཞེས་འཁོད་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་བར་ཕེབས་པ། ཞི་ཅིན་ཕིང་གིས་སློབ་ཆེན་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། ཞི་ཅིན་ཕིང་གིས་རིགས་གཅིག་མཁས་པ་དང་རིག་གནས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ལན་ཆ་ཆེན་པོ་བྱུང་བ། ཞི་ཅིན་ཕིང་གིས་རིགས་གཅིག་མཁས་པ་དང་རིག་གནས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།