གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཧོ་ཧྥེ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

སྤེལ་དུས་: 2020ལོ་08ཟླ་20ཚེས་ 11:20 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༡༩ ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད། ཁོང་གིས་ཧྥེ་ཏུང་རྫོང་ཧྲེ་པ་ལན་ཡུས་འབྱུང་ཁམས་འདམ་རའི་ཆུ་ལོག་གསོག་ཁུལ་ཁྲའོ་ཧུའུ་མཚེའུའི་ཆུ་རགས་ཆེན་པོའི་ལོའོ་ཅ་ཐུང་དུམ་བུར། ཁྲའོ་ཧུའུ་མཚེའུའི་ཆུ་ཁ་རྒྱས་ཚུལ་ཐད་གཟིགས་ཞིབ་གནང་བ་དང་། འབྲུབ་འགོག་ཞོད་འགོག་ཀྱི་འཐབ་ས་དང་པོའི་མི་སྣ་དང་། སྔོན་ཐོན་དཔེ་བཟང་མི་སྣའི་འཐུས་མི། དེ་བཞིན་ཞོད་འགོག་ཉེན་སྐྱོབ་ཀྱི་ལས་དོན་ནང་ཞུགས་མཁན་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་གནང་ཡོད། དེ་ཉིན་ཕྱི་དྲོ། ཞི་ཅིན་ཕིང་གིས་ད་དུང་ཧོ་ཧྥེ་རུ་གསར་གཏོད་འགྲེམས་སྟོན་ཁང་དང་ཏུའུ་ཅང་གཡུལ་འགྱེད་དྲན་གསོ་ཁང་དུ་རྟོག་ཞིབ་གནང་ནས། ཨན་ཧུའེ་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་དང་གསར་དར་ཐོན་ལས་གོང་འཕེལ་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་དང་། གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་དང་། གསར་བརྗེའི་སྔོན་བྱོན་པར་རྗེས་དྲན་ཞུས་གནང་ཡོད།།

1597842414666023.jpg

1597842415264810.jpg

1597842416148617.jpg

1597842416755355.jpg

1597842417878424.jpg

1597842417103251.jpg

1597842418910433.jpg

1597842419227323.jpg

1597842516280151.jpg

1597842419939127.jpg

 


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་གྲོས་ཚོཊ་གལ་ཆེན་འདི་འཚོགས་པར་ཕྱག་ཡིག་བསྐུར་གནང་བ། ༼ བདེན་འཚོལ ༽ དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ། ཞི་ཅིན་ཕིང་ནས་གྲོན་ཆུང་བསྲི་ཚགས་ཐད་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས་ལུའུ་ཁ་ཧྲེན་ཁོར་རྟེན་འབྲེལ་གློག་འཕྲིན་བཏང་བ།