གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སྒྲིག་བཟོ་ལས་དོན་གྱི་དྲ་ཐོག་བསམ་འཆར་བསྡུ་ལེན་བྱེད་སྒོའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས་: 2020ལོ་09ཟླ་27ཚེས་ 10:06 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སྒྲིག་བཟོ་ལས་དོན་གྱི་དྲ་ཐོག་བསམ་འཆར་བསྡུ་ལེན་བྱེད་སྒོའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། མི་དམངས་ཀྱི་འབོད་སྒྲར་ཉན་ནས་མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་ཐད་ཀྱི་དྲ་སྦྲེལ་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་ལས་དོན་གྱི་དྲ་ཐོག་བསམ་འཆར་བསྡུ་ལེན་བྱེད་སྒོའི་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཉམ་འབྲེལ་དྲ་རྒྱ་བརྒྱུད་དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཟོ་རྒྱུའི་ཐད་སྤྱི་ཚོགས་ཡོངས་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་པ་དེ་ནི་རང་རྒྱལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བའི་ལོ་རྒྱུས་ཐོག་གི་ཐེངས་དང་པོ་ཡིན། ད་ཐེངས་ཀྱི་བྱེད་སྒོའི་ཕན་འབྲས་ཧ་ཅང་བཟང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་ཚད་ཧ་ཅང་མཐོ་བས། དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཡོད། འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་ལེགས་སྒྲིག་དབྱེ་ཞིབ་དང་བསྡུ་ལེན་ནན་ཏན་བྱེད་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ཁྱབ་རྒྱ་ཆེ་ཞིང་ཞིབ་ཕྲ་ཆེ་བས་དེ་ལས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྒུག་གསར་པ་འཆང་ཚུལ་གང་ལེགས་མཚོན་ཡོད། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་པ་དང་། མི་དམངས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ནི་ང་ཚོའི་རྒྱལ་ཁབ་ཀྱིས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་ཡིན། ད་ཐེངས་ཀྱི་བྱེད་སྒོའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་བྱས་ནས། སླད་ཕྱིན་ཆད་ཀྱི་ལས་དོན་ཁྲོད་དྲ་རྒྱས་མི་དམངས་ཀྱི་འབོད་སྒྲ་ཉན་པ་དང་མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་ཐད་ཀྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱས་ཐོག བློ་བསྡུས་དགེ་འཚོལ་དང་སེམས་ཤུགས་གཅིག་སྒྲིལ་དེ་བས་ལེགས་པ་བྱེད་དགོས་པའི་ནན་སྟོན་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་སྒྲིག་བཟོའི་ལས་དོན་སྐོར་གྱི་ཐབས་འདོན་ཇུས་འབུལ་དང་བློ་བསྡུས་དགེ་འཚོལ་ལག་ལེན་བྱེད་པ་དང་། མཐོ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་རྒྱུན་འཁྱོངས་བྱེད་པ་གཉིས་གཅིག་འགྱུར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཟོ་འགོད་ཡག་པོ་བྱེད་པ་བཅས་ཀྱི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཡག་པོ་བྱ་ཆེད། ད་ལོའི་སྤྱི་ཟླ ༨ ཚེས ༡༦ ནས་ཚེས ༢༩ ཉིན་བར། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཟོ་རྒྱུའི་ལས་དོན་དྲ་ཐོག་ཏུ་སྤེལ་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱི་ཁོངས་གཏོགས་གཞུང་ཕྱོགས་དྲ་ཚིགས་དང་གསར་འགྱུར་སྣེ་དུད། དེ་བཞིན་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སློབ་སྦྱོང་སྟེགས་བུ་བཅས་སུ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཐབ་འདོན་ཇུས་འབུལ་གྱི་ཆེད་བསྒྲིགས་ལེ་ཚན་བཟོས་ཏེ་སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་ཡོད། དེར་སྒྲིག་འཛུགས་གོ་རིམ་ལྡན་པ་དང་སྤྱི་ཚོགས་ཀྱི་ལན་ཆ་བཟང་པོ་བྱུང་ཡོད་ཅིང་། རིམ་རྩིས་བྱས་ན་དྲ་དམངས་ཀྱི་གྲོས་འགོ་སྟོན་པ་ཁྲི ༡༠༡.༨ ལྷག་ཙམ་འབྱོར་ཡོད་པ་དང་། དེས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་གནའ་རྫས་རྟོག་ཞིབ་རིག་པའི་ཐད་འདི་ལྟར་གསུངས། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་ཤིན་ཅང་གི་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་གཞི་རིམ་འཐུས་མི་དང་བཞུཊ་མོལ་ཚོགས་འདུ་འཚོཊ་པ།