གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཚན་རིག་མཁས་པར་གནང་བའི་གསུངས་བཤད་ལ་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས་: 2020ལོ་09ཟླ་14ཚེས་ 11:22 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ཚན་རིག་མཁས་པ་དང་ཚན་རྩལ་ལས་དོན་པའི་ཁྲོད་ལན་ཆ་བཟང་པོ་བྱུང་བ་དང་། ཚང་མས། ཚན་རིག་གི་ཡང་རྩེར་འཛེགས་ཐུབ་པའི་ཡིད་ཆེས་དང་། སྙིང་སྟོབས། ནུས་པ་བཅས་ཀྱི་ཐོག་ནས། ལོ་རྒྱུས་ཀྱིས་དཀྲིས་པའི་ཚན་རྩལ་གསར་གཏོད་ཀྱི་འགན་འཁྲི་ལྗིད་པོ་ཕྲག་ཏུ་འཁུར་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་མཁས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་བྱེད་པར་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་ཚན་རིག་ལག་རྩལ་གྱི་ཐག་གཅོད་ཇུས་གཞི་དགོས་མཁོ་ཆེ་བ་དང་། གསར་གཏོད་ཀྱི་སྒུལ་ཤུགས་གལ་ཆེ་ཤོས་འདི་ཇེ་ཆེར་གཏོང་དགོས་ཞེས་ནན་གསུངས་གནང་ཡོད། གསུང་བཤད་གལ་ཆེན་ལ་རྒྱ་ཆེའི་ཚན་རིག་མཁས་པ་དང་ཚན་རྩལ་ལས་དོན་པའི་ཁྲོད་ལན་ཆ་བཟང་པོ་བྱུང་ཞིང་། ཚང་མས། ཚན་རིག་གི་ཡང་རྩེར་འཛེགས་ཐུབ་པའི་ཡིད་ཆེས་དང་། སྙིང་སྟོབས། ནུས་པ་བཅས་ཀྱི་ཐོག་ནས། ལོ་རྒྱུས་ཀྱིས་དཀྲིས་པའི་ཚན་རྩལ་གསར་གཏོད་ཀྱི་འགན་འཁྲི་ལྗིད་པོ་ཕྲག་ཏུ་འཁུར་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་ཡོད།

རང་རྒྱལ་ལ་གྲངས་འབོར་ཧ་ཅང་མང་བའི་ཚན་རྩལ་ལས་དོན་པ་དང་། གཞི་ཁྱོན་ཆེ་བའི་ཞིབ་འཇུག་གསར་སྤེལ་གྱི་མ་འཇོག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དགོས་མཁོའི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མགྱོགས་མྱུར་འགག་སྒྲོལ་དང་དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་ཐུབ་པའི་ལག་རྩལ་ལ་སྐུལ་འདེད་གཏོང་བར་དམ་འཛིན་བྱ་དགོས། འཐབ་ཇུས་རང་བཞིན་གྱི་ཁོངས་སུ་གཏོགས་པ་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པའི་ལག་རྩལ་རྣམས་སྔོན་ལ་བཀོད་སྒྲིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཚན་རྩལ་པུའི་འཐབ་ཇུས་འཆར་འགོད་སེའི་གསར་གཏོད་འཐབ་ཇུས་དང་ཐབས་ཇུས་འདེགས་སྐྱོར་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཅིང་ཆོན་གྱིས། གསུང་བཤད་གལ་ཆེན་གྱིས་སླད་ཕྱིན་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་འཆར་འགོད་ཐད་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་དེ་སྔ་འཆར་འགོད་མང་པོ་བྱེད་པ་ནི་ལས་འགན་བཀོད་སྒྲིག་བྱེད་པ་དང་། ལས་འགན་བཀོད་སྒྲིག་བྱེད་པའི་ཐོག་ནས་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་བྱ་རྒྱུར་སྣེ་ཁྲིད་བྱེད་ཀྱི་ཡོད། ད་ཆ་ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་གནད་དོན་གཅིག་བསྡུས་བྱེད་མཁས་པོ་བྱས་པ་བརྒྱུད། ཐག་གཅོད་བྱ་དགོས་པའི་ཚན་རིག་གི་རིགས་པའི་གཞུང་ལུགས་དང་ལག་རྩལ་གསར་གཏོད་སྔོག་འདོན་བྱས་ཏེ་ཚན་རྩལ་ལས་དོན་པས་རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་བྱས་རྗེས་འཇོག་པར་ཁྲིད་སྟོན་བྱ་དགོས་ཞེས་བསྟན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་བསྒྲུབ་པའི་བཟང་ཆ་འདོན་སྤེལ་དང་། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྲིག་བྱེད་པ་བརྒྱུད། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་ཁག་ཅིག་སྒྲིག་འཛུགས་བྱས་ཏེ། རང་རྒྱལ་གྱི་ཚོད་ལྟ་ཁང་གི་མ་ལག་ཆགས་པ་བྱ་དགོས་ཞེས་བསྟན་གནང་ཡོད།

འདི་ལོའི་ཟླ་དང་པོར། ཀྲུང་གོ་ཚན་རིག་ཁང་ཞི་ཐུའུ་ཞིབ་འཇུག་ཁང་ཅང་ཞི་རུ་སྒོ་བྱང་བཀལ་ནས་བཙུགས་ཡོད། ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་དབན་དབྱིན་ཧྭ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་ལྟར་ཞི་ཐུའི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་ལས་དོན་སྤེལ་བཞིན་ཡོད། ང་ཚོའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དུ་འགྱུར་རྒྱུ་དེ་ཡིན། ང་ཚོས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་བཟང་ཆ་གཅིག་ཏུ་བསྡུས་ནས། ང་ཚོ་ཞི་ཐུའུ་ཁྱབ་ཁོངས་དང་ཚན་རྩལ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣའི་མཐོ་ས་དང་ལག་རྩལ་གྱི་མཐོ་ས་ཞིག་ཏུ་འགྱུར་བ་བྱ་དགོས། དེ་དང་ཆབས་ཅིག་ང་ཚོས་རང་རེའི་རྒྱལ་ཁབ་དང་ལྷག་པར་དུ་ལྷོ་ཕྱོགས་ཀྱི་ཞི་ཐུའུ་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱ་དགོས་ཞེས་བསྟན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ་དང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་བ་དེས། ཚན་རྩལ་གསར་གཏོད་ལ་ཁ་ཕྱོགས་སྔར་བས་གསལ་སྟོན་མཛད་ཡོད། ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་ཁང་གི་མཐོ་རིམ་བཟོ་བཀོད་པ་ལི་ཝེ་ཝིས། སླད་ཕྱིན། ང་ཚོས་སྐྱེ་དངོས་ཚན་ཞིབ་ཁྱབ་ཁོངས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་དང་མཚེའུ་ཡི་འབྱུང་ཁམས་སླར་གསོ་སོགས་ཀྱི་ཚན་རྩལ་སྔར་བས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱེད་པ་དང་། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་བྱེད་པའི་ལས་ཆོད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བརྒྱུད། རྒྱ་ཆེའི་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱས་ནས། མཛེས་སྡུག་ལྡན་ལ་གནོད་མེད་ཀྱི་འཚོ་བའི་ཁོར་ཡུག་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སློབ་གསོ་དེ་བས་གལ་ཆེའི་གནས་བབ་ཐོག་བཞག་ནས། སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་མཐོ་རིམ་སློབ་གྲྭས་རྨང་གཞིའི་ཞིབ་འཇུག་དང་། སྣོལ་འདྲེས་རིག་གཞུང་ཚན་ཁག་གི་འབྲེལ་ཡོད་རིག་གཞུང་ཚན་ཁག་དང་ཆེད་ལས་འཛུགས་པར་སྐུལ་མ་གཏོང་དགོས་པ་དང་། སློབ་མའི་གསར་གཏོད་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པར་མཐོང་ཆེན་བྱ་དགོས་ཞེས་ནན་གསུངས་གནང་ཡོད།

ཤིན་ཅང་མཱ་ནཱ་སི་རྫོང་སློབ་འབྲིང་བཞི་པའི་ཚན་རྩལ་དགེ་རྒན་ཏང་ཡན་ཅུན་ནི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་དབུ་བཞུགས་ཚན་རིག་ཁྱབ་སྤེལ་མཁས་པ་ཁག་དང་པོའི་གྲས་ཡིན། ཁོང་གིས། ཚན་རྩལ་དགེ་རྒན་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ལ་བརྩི་སྲུང་ཞུས་ཏེ་ཚན་རྩལ་གསར་གཏོད་ཀྱི་སློབ་ཚན་འཁྲིད་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་ཡོད། གཞོན་ནུ་ལོ་ཆུང་གི་ཚན་རྩལ་གྱི་སྤྲོ་སྣང་སྐུལ་སློང་ཤུགས་ཆེན་བྱས་ནས། ཚན་རྩལ་ལ་དགའ་ཞེན་སྔར་བས་ཆེ་བ་དང་། ཚན་རྩལ་ཤེས་པ། གསར་གཏོད་ཀྱི་འདུ་ཤེས་དང་ནུས་པ་ལྡན་པའི་གཞོན་ནུ་ལོ་ཆུང་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འགྲེལ་བཤད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ། ལྗར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་པེ་ཅིང་དུ་འཚོགས་པ། ཞི་ཅིན་ཕིང་གིས་གྲོས་ཚོགས་གལ་ཆེན་ཞིག་གཙོ་སྐྱོང་གནང་བ།