ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་ལ་མིང་བཏགས་པ་དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་འཐུས་མི་དང་མཇལ་འཕྲད་གནང་བ་དང་། ལི་ཁེ་ཆང་མཇལ་འཕྲད་ནང་ཞུགས་པ་མ་ཟད་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་བ། ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་པ།
སྤྱི་ཚེས ༢༠ ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་ལ་མིང་བཏགས་པ་དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མི་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོང་ཚོར་ལྷག་བསམ་དག་པའི་འཚམས་འདྲི་དང་མིང་བཏགས་དང་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་དང་གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་མཇལ་འཕྲད་ནང་ཞུགས་པ་མ་ཟད། གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད ༡༠ པར། ཞི་ཅིན་ཕིང་སོགས་ཅིང་ཞི་གསོལ་མགྲོན་ཁང་གི་གྲོས་ཚོགས་ཐོག་ཁང་ཆེན་མོའི་ཚོམས་ཆེན་མདུན་མར་ཕེབས་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་ཡོད།
ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས། ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། མིང་བཏགས་པའི་ས་གནས་དང་གཟེངས་བསྟོད་ཐོབ་པའི་ཚན་པ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་གི་མི་སྣ། དཔུང་སྡེའི་ལས་བཟོ་པ་བཅས་དང་། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་། རྨས་སྐྱོན་ཕོག་པའི་དམག་མི། ལས་སྒྱུར་དང་དམག་ཞབས་ཐིམ་པའི་དམག་མི། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་བྱས་པའི་ལས་བྱེད་པ། གཉིས་བཀུར་ལས་དོན་འཐབ་ཕྱོགས་ཐོག་གི་བློ་མཐུན་ཚོ་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་པ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ལི་ཁེ་ཆང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་དམག་དཔུང་འཛུགས་སྐྱོང་དང་བསྒྱུར་བཅོས་ལ་རྒྱབ་སྐྱོར་དང་ཞབས་ཞུ་འགན་སྲུང་ཧུར་ཐག་བྱེད་པ། གཟིགས་སྐྱོང་བཀོད་སྒྲིག་འགན་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། དམག་དཔུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་ཧུར་ཐག་བྱེད་པ། ཚབས་ཆེའི་རང་བྱུང་གནོད་འཚེའི་ཉེན་སེལ་རོགས་སྐྱོར་དང་གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནང་ཞུགས་སྐབས་གདོང་ལེན་པ་བྱས་པ། ད་ལོ་རིམས་ནད་ལ་ཁ་གཏད་གཅོག་སྐབས། མི་དམངས་བུ་ཕྲུག་དམག་གིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་དམག་འཐབ་དྲག་པོ་རྒྱག་ཕོད་པ། རྒྱ་ཆེའི་དམག་དམངས་ཀྱིས་ལག་གདང་དཔུང་སྦྲེལ་དང་སེམས་པ་གཅིག་མཐུན། མཉམ་དུ་དཀའ་ངལ་ཁྱད་བསད་བཅས་བྱས་པས། རིམས་ནད་འགོག་བཅོས་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། དམག་སྲིད་དམག་དམངས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་ཞིག་མངོན་ཡོད་ཅེས་གསུངས་པ་རེད།
ལི་ཁེ་ཆང་གིས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དང་རྒྱབ་ཕྱོགས་མཁོ་སྒྲུབ་མཁོ་འདོན་སོགས་ཀྱི་འགན་སྲུང་ལས་དོན་ཡག་པོ་སྒྲུབ་ནས་མཐའ་མཚམས་མཚོ་གླིང་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་དཔོན་དམག་གི་ལས་སྒྲུབ་དང་ལས་ཀ འཚོ་བ་བཅས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱེད་དགོས། སྔར་རྒྱུན་བཞིན་དམག་མི་དང་ནང་མིར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་རྒྱ་ཆེའི་དཔོན་དམག་ཚོས་ཕྱིན་ཆད་ཀྱི་ལས་ཀར་སེམས་ཁྲལ་མི་བྱེད་པ་དང་། བཟའ་ཚང་ལ་སེམས་ཁྲལ་མི་བྱེད་པ། མི་རབས་རྗེས་མར་སེམས་ཁྲལ་མི་ཡོང་བ་བཅས་བྱེད་དགོས། ད་ལོའི་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི་དཀའ་གནད་སྔར་བས་མངོན་གསལ་དོད་པས། དམག་ཞབས་ཐིམ་པའི་དམག་མིར་དེ་བས་གནད་སྨིན་དང་དུས་ཐོག་གི་ལས་ཞུགས་ལས་གཏོད་ཞབས་ཞུ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ་ཁོང་ཚོར་ལས་ཞུགས་བྱེད་ས་ཡོད་པ་དང་། ལས་གཏོད་ལ་རོགས་སྐྱོར་ཡོད་པ། ལས་ཤོར་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། ཐབས་ལམ་རྒྱ་ཆེར་བཏང་ནས་ཆ་རྐྱེན་འཛོམས་པའི་དམག་དཔུང་གི་ནང་མི་ཚང་མ་བཀོད་སྒྲིག་འོས་འཚམ་ཡོང་བའི་འགན་ལེན་བྱེད་དགོས། དམག་མིའི་བུ་ཕྲུག་ཐག་ཉེ་སར་སློབ་གྲྭར་ཞུགས་པ་དང་། སློབ་གྲྭ་བསྒྱུར་བ། འབྲིང་རྒྱུགས་དང་མཐོ་རྒྱུགས་ནང་ཞུགས་སྐབས་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས། དམག་མི་དང་ཁོང་ཚོའི་ཁྱིམ་མི་རྣམས་བློ་བདེ་པོ་ཡོང་བ་བྱེད་པ། དུས་མཚུངས་སུ་དམག་དཔུང་གིས་བཟང་ཆ་འདོན་སྤེལ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་པར་རྒྱབ་སྐྱོར་བྱེད་པ། གཟིགས་སྐྱོང་བཀོད་སྒྲིག་སོགས་ནོར་སྲིད་ཀྱི་གཏོང་སྒོ་འགན་སྲུང་བྱས་ནས་གཉིས་བཀུར་དཔེ་བཟང་གཏོད་པའི་བྱེད་སྒོ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་གྱི་གཉིས་བཀུར་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་བསྟན་ཡོད།
ཚོགས་ཆེན་ཐོག རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་ ༤༡༡ མིང་བཏགས་པ་དང་། རྒྱལ་ཡོངས་རྒྱལ་གཅེས་དམག་བཀུར་དཔེ་བཟང་ཚན་པ་དང་སྲིད་བཀུར་དམངས་གཅེས་དཔེ་བཟང་ཚན་པར་གཟེངས་བསྟོད་བྱེད་པ། རྒྱལ་ཡོངས་རྒྱལ་གཅེས་དམག་བཀུར་དཔེ་བཟང་དང་སྲིད་བཀུར་དམངས་གཅེས་དཔེ་བཟང་ལ་གཟེངས་བསྟོད་བྱེད་པ་བཅས་ཀྱི་གཏན་འབེབས་སྒྲོག་སྦྱང་བྱས་ཡོད།
ཚོགས་ཆེན་ཐོག་མིང་བཏགས་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་དང་། གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད་ཡོད་པ་རེད། འབྲེལ་ཡོད་དམག་དཔུང་དང་ས་གནས་འཐུས་མིས་གཏམ་བཤད་སྤེལ་ཡོད།
ཏིང་ཞུའེ་ཞང་མཇལ་འཛོམས་ནང་ཞུགས་ཡོད། སུན་ཁྲུན་ལན་མཇལ་འཛོམས་ནང་ཞུགས་པ་མ་ཟད་ཚོགས་ཆེན་གཙོ་སྐྱོང་གནང་ཡོད། ཀྲང་ཡིའུ་ཞ་དང་། ཁྲེན་ཞི། ཧོང་ཁུན་མིང་། ཧྲེན་ཡུའེ་ཡུའེ། ཤའོ་ཅེ། མ་པིའོ་བཅས་མཇལ་འཕྲད་ནང་ཞུགས་པ་མ་ཟད་ཚོགས་ཆེན་ལ་ཞུགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་མིའོ་ཧྭ་ཡང་མཇལ་འཕྲད་ནང་ཞུགས་པ་མ་ཟད་ཚོགས་ཆེན་ཐོག་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱང་གནང་ཡོད།
ཚོགས་ཆེན་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། པེ་ཅིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད། རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་དང་། གཉིས་བཀུར་དཔེ་བཟང་ཚན་པ་དང་མི་སྒེར་གྱི་འཐུས་མི། རྒྱལ་ཡོངས་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོ་ཆུང་དང་དེ་བཞིན་གཉིས་བཀུར་གཞུང་ལས་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་སོགས་ཚོགས་ར་གཙོ་བོར་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོཊ་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་བགྲོ་གླེང་ཚོཊ་འདུ་འདིར་འཕྲིན་ཡིག་བཏང་གནང་འདུག ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བདམས་བསྒྲིཊ་བཀྲམ་པ། ཞི་ཅིན་ཕིང་ནས་གནའ་རྫས་རྟོག་ཞིབ་རིག་པའི་ཐད་འདི་ལྟར་གསུངས།