གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་གསུང་བཤད་ལ་འཐབ་འཛིང་པ་ཚོའི་ཁྲོད་ལན་ཆ་ཆེན་པོ་བྱུང་།

སྤེལ་དུས་: 2020ལོ་10ཟླ་26ཚེས་ 10:40 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་ཆེད་ཕྱི་རྒྱལ་དུ་དམག་འཐབ་བྱས་ནས་ལོ་ངོ་ ༧༠ འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ཐོག་ནས། ཨ་འགོག་ཁྲའོ་རོགས་དམག་འཐབ་ཀྱི་རྒྱལ་ཁ་རླབས་པོ་ཆེ་དང་ལེགས་སྐྱེས་གལ་ཆེན་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང་། ཨ་འགོག་ཁྲའོ་རོགས་སྙིང་སྟོབས་ཀྱི་ལོ་རྒྱུས་དོན་སྙིང་དང་དུས་རབས་ཀྱི་རིན་ཐང་ཐད་རྒྱས་བཤད་གཏིང་ཟབ་གནང་ཡོད།

ཨ་འགོག་ཁྲའོ་རོགས་དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས་དང་། བཅིངས་འགྲོལ་དམག་དང་དྲག་ཆས་དཔུང་སྡེའི་དཔོན་དམག་ཚོས་གཅིག་མཇུག་གཉིས་མཐུད་ངང་། ཨ་འགོག་ཁྲའོ་རོགས་འཐབ་རྩོད་ཁྲོད་དཀའ་ཁག་བརྒྱུད་རིམ་དང་རླབས་ཆེའི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་ཏེ། ཨ་འགོག་ཁྲའོ་རོགས་ཀྱི་རླབས་ཆེའི་སྙིང་སྟོབས་དར་སྤེལ་བཏང་ཐོག དམག་དཔུང་སྟོབས་ཆེར་གཏོང་བ་དང་དམག་དཔུང་དར་རྒྱས་གཏོང་བའི་སྟོབས་ཤུགས་ཆེན་མོ་གཅིག་སྡུད་ཀྱིས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགྲིམ་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་ཆེད་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གསན་རྗེས། པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འདུར་ཞུགས་པའི་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་པ་རྒན་གྲས་ཚོ་སེམས་འགུལ་ཆེན་པོ་ཐེབས་ཡོད། དགུང་ལོ ༩༡ ལ་ཕེབས་པའི་ཨ་འགོག་ཁྲའོ་རོགས་ཀྱི་འཐབ་འཛིང་པ་རྒན་གྲས་ཧྲི་ཤིན་ཡུན་གྱིས། དབྱེ་ཞིབ་དང་ཕྱོགས་བསྡོམས་ཞིབ་ཚགས་པ་དང་། ཆ་ཚང་བ། མཐར་ཕྱིན་པ། གཏིང་ཟབ་པོ་གནང་སོང་། སྙན་ཞུ་དེ་སློབ་སྦྱོང་ཡག་པོ་བྱེད་དགོས་ཀྱི་འདུག་ཅེས་གསུངས། ཨ་འགོག་ཁྲའོ་རོགས་ཀྱི་གཡུལ་སའི་ཐོག དང་བླངས་དམག་གི་དཔོན་དམག་ཚོས་དགྲ་བོའི་གནམ་གྲུ་དང་མེ་སྒྱོགས་ཀྱི་འབར་གཏོར་གྱི་མདུན་དུ། ཤ་ཁྲག་ལ་བརྟེན་ནས་ཆད་ཐབས་མེད་པ་དང་གཏོར་མི་ཐུབ་པའི་ངར་ལྕགས་ལྟ་བུའི་སྐྱེལ་འདྲེན་ལམ་བུ་ཞིག་བཤངས་ཡོད། ཞི་ཀྲུའུ་ཞིས་གསུང་བཤད་ནང་། ཨ་འགོག་ཁྲའོ་རོགས་དམག་འཐབ་ནི་འཐབ་འཛིང་བྱེད་མཁན་ཕྱོགས་གཉིས་པོའི་སྟོབས་ཤུགས་ཧེ་བག་ཆེན་པོ་ཡོད་པའི་ཆ་རྐྱེན་འོག་འཐབ་འཛིང་བྱས་པའི་དེང་རབས་ཅན་གྱི་དམག་འཐབ་ཅིག་ཡིན། དམག་འཐབ་དེས། མི་དམངས་དམག་དཔུང་གི་འཐབ་འཛིང་ནུས་པ་འཛམ་གླིང་ཡོངས་ཧ་ལས་ཧང་སངས་བར་གྱུར་བ་དང་། དམག་འཐབ་བྱེད་ཕོད་པ་དང་འཐབ་ན་མི་རྒྱལ་བ་མེད་པའི་ཁྲག་གཤིས་ལྕགས་རུས་གང་ལེགས་མངོན་པར་བྱས་ཡོད་ཅེས་གསུངས་ཡོད། ཝུའུ་ཞི་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་ལྟེ་གནས་རླངས་འཁོར་སྐྱེལ་འདྲེན་ཐོན་ཤོག་ག་གེ་མོའི་དངོས་འཐབ་ཅན་གྱི་ནང་སྦྱོང་ལེགས་གྲུབ་བྱུང་མ་ཐག་ཡིན། ཐོན་ཀྲང་ཀོན་ལེ་ཡིས། ང་ཚོའི་ཐོན་ཤོག་འདི་སྔར་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་ནང་ཞུགས་མྱོང་ཡོད། ཞི་ཀྲུའུ་ཞིའི་གསུང་བཤད་ནང་འཐབ་འཛིང་གི་སྙིང་སྟོབས་ནི་རང་དམག་གིས་དགྲ་བོ་འཇོམས་ཐུབ་པར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཡིན་པ་ཕྱོགས་བསྡོམས་ཡག་པོ་གནང་འདུག སྔོན་བྱོན་པ་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་གོ་མཚོན་ཧྲག་པོ་ལས་རྣམ་པར་རྒྱལ་བར་བྱས་ཤིང་། དེ་ལས་མངོན་པ་ནི་དགྲ་ཚོགས་དཔུང་སྟོབས་ཆེ་ཡང་འཇིགས་པ་མེད་པར་དཔའ་དམ་བཤམས་ནུས་པའི་ངར་ཤ་དང་། འཆི་རྒྱུར་མི་འཛེམས་པར་འཐབ་རྩོད་བྱེད་ནུས་པའི་ངར་ཤུགས་དང་དཀའ་ངལ་ལ་མི་སྐྲག་པར་འགན་འཁྲི་ཕྲག་ཏུ་འཁུར་བའི་དཔའ་སྟོབས་ཡིན། དུས་རབས་གསར་པའི་རླངས་འཁོར་དཔུང་སྡེ་ཞིག་ཡིན་པའི་ཆ་ནས། རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་གཞིགས་ནས། ཚད་གཞི་ནན་ཤོས་རྒྱུན་འཁྱོངས་བྱེད་པ་དང་། སྟོབས་ཆེ་ཤོས་ཀྱི་དགྲ་བོར་ཁ་གཏད་གཅོག་པ། ལུས་སེམས་ཡོངས་དམག་གྲབས་སྦྱོང་བརྡར་དང་དམག་གྲ་སྒྲིག་བྱེད་པའི་ཚ་རླབས་ནང་ཞུགས་བཅས་བྱས་ཐོག ས་ཁོངས་ཡོངས་སུ་མཆོང་རྒྱུག་ཐུབ་པ་དང་། དུས་ཚོད་གང་རུང་ལ་དམག་རྒྱག་ཐུབ་པ། བརྒྱུད་རིམ་ཡོངས་ལ་འགན་ལེན་བྱེད་ཐུབ་པ་བཅས་ཀྱི་དུས་རབས་གསར་པའི་ཆད་ཐབས་མེད་པ་དང་། གཏོར་མི་ཐུབ་པའི་ངར་ལྕགས་ལྟ་བུའི་སྐྱེལ་འདྲེན་ལམ་ཐིག་བསྐྲུན་རྒྱུར་ཤུགས་རྒྱག་རྒྱུ་ཡིན་ཞེས་བསྟན་ཡོད།

ཚོགས་ཆེན་ཐོག ཞི་ཀྲུའུ་ཞིས། རླབས་ཆེའི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་པ་དང་། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་འདི་ཉིད་དེ་བས་སྟོབས་དང་ལྡན་པ་ཞིག་ཏུ་འགྱུར་བ་བྱ་དགོས་པ། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་མྱུར་ཚད་མགྱོགས་སུ་བཏང་ནས། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲར་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད། སྐམ་དམག་བཟོ་སྐྲུན་སློབ་ཆེན་གྱིས་དཔོན་དམག་དང་སློབ་མ་སྒྲིག་འཛུགས་བྱས་ནས་ཞི་ཀྲུའུ་ཞིའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཐོག གསར་བརྗེའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་དང་། དེའི་ཁྲོད་ནས་འབད་འཐབ་སྙིང་སྟོབས་ཉམས་ལེན་བྱས་ཡོད། སློབ་མ་ཡོན་ཡོན་ནི་གཞི་རིམ་དམག་དཔུང་ནས་ཡོང་བའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན། ཁོང་དེ་སྔ་བོད་ལྗོངས་དམག་ཁུལ་ཁང་བུད་མེད་མེ་སྒྱོགས་བཅུ་ཤོག་གི་བཅུ་དཔོན་དང་། དམག་ཡོངས་ཀྱི་དམག་གྲབས་དཔེ་དམག་ཡིན། ད་ཆ་དམག་དོན་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། ཁོང་གིས། རླབས་ཆེའི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་ནི་དུས་ཚོད་དང་བར་སྟོང་ལས་བརྒལ་བ་དང་། ཇི་སྲིད་བར་གསར་པར་གནས་པ་ཞིག་རེད། དེ་ནི་ང་ཚོའི་རྩ་བའི་བསམ་པའི་རྒྱུ་ནོར་ཞིག་རེད། དང་བླངས་དམག་གི་འཐབ་འཛིང་པ་ཚོས་ཁྱིམ་སྲུང་རྒྱལ་སྲུང་བྱས་པ་དང་། དམག་འཐབ་བྱེད་ཕོད་པ་དང་འཐབ་ན་མི་རྒྱལ་བ་མེད་པའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དང་དཔའ་བློ་ཁོག་ནི། རྗེས་སུ་ཡི་རངས་བ་དང་མི་སེམས་འགུལ་བ་ཞིག་རེད། དུས་རབས་གསར་པའི་དམག་དོན་སློབ་གྲྭའི་སློབ་མ་ཞིག་ཡིན་པའི་ངོས་ནས། ང་ཡི་ལང་ཚོ་དེ་མེས་རྒྱལ་དང་འགྲོགས་པ་དང་། ལས་འགན་དང་འགྲོགས་རྒྱུ་བྱུང་བ་ནི་ང་རང་གི་བསོད་ནམས་ཡིན། ང་ཚོས་རླབས་ཆེའི་རྒྱལ་ཁ་བློ་ལ་བརྟན་པོར་ངེས་ཐོག ང་ཚོས་དམག་དཔུང་སྟོབས་ཆེར་གཏོང་བ་དང་། དྲག་རྩལ་ནུས་རྩལ་ཆེ་རུ་བཏང་ནས། དུས་རབས་གསར་པའི་གསར་བརྗེའི་དམག་མིའི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་ཞེས་གསུངས།

ཞི་ཀྲུའུ་ཞིའི་གསུང་བཤད་ནང་། དུས་རབས་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ང་ཚོར་གཏུམ་དྲག་ལ་མི་སྐྲག་པ་དང་བཙན་དབང་ལ་ངོ་རྒོལ་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་ཡོད་དགོས། དུས་རབས་ལ་འགྱུར་ལྡོག་གང་འདྲ་བྱུང་ཡང་རུང་། ང་ཚོར་རང་སྲོག་བློས་གཏོང་ལ་མི་འཛེམས་པ་དང་འཆི་ལམ་དུ་ཕྱོགས་ནས་གསོན་ཐབས་བྱེད་པའི་མི་རིགས་ཀྱི་དཔའ་ངར་ཡོད་དགོས། བརྙས་འཚོལ་མགོ་སྐོར་དང་། བཀག་སྡོམ། གནོན་ཤུགས་ཚད་མེད་སྤྲོད་པ་བཅས་ཀྱི་བྱེད་སྟངས་ནི་ལམ་ལྷོངས་རྩ་བ་ནས་མི་ཡོང་བ་ཞིག་རེད། རང་སྣང་གང་ཤར་དང་། ང་མིན་ན་སུ་ཡིན་སྙམ་པའི་བྱ་སྤྱོད་གང་རུང་དང་། བཙན་དབང་དང་། བཙན་སྤྱོད། བཙན་ཤེད་བཅས་ཀྱི་བྱ་སྤྱོད་ནི་ལམ་ལྷོངས་རྩ་བ་ནས་མི་ཡོང་བ་ཞིག་རེད། དེ་ལམ་ལྷོངས་མི་ཡོང་བ་མ་ཟད་མཐར་རང་ཉིད་ཕམ་ངེས་རེད་ཅེས་གསལ་པོར་བསྟན་ཡོད། དྲག་ཆས་ཉེན་རྟོག་དམག་ཧྥུ་ཅན་སྤྱི་ཁྱབ་རུ་ཁག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་ཚོགས་ཆེན་གྱི་ཐད་གཏོང་གསན་གཟིགས་གནང་ཡོད་པ་དང་། ཆབས་ཅིག་བརྙན་འཕྲིན་དངོས་མཚོན་གློག་བརྙན་ཞི་བདེའི་ཆེད་དུ་ཞེས་པར་གཞིགས་ནས་གྲོས་བསྡུར་བྱས་ཡོད། དྲག་ཆས་ཉེན་རྟོག་དཔུང་སྡེའི་ཧྥུ་ཅན་སྤྱི་ཁྱབ་རུ་ཁག་ནན་ཕིང་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཀྲའོ་ཡུང་གིས། ཞི་ཀྲུའུ་ཞིའི་གསུང་བཤད་ཀྱིས་ང་ཚོ་དཔོན་དམག་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད། དང་བླངས་དམག་གི་འཐབ་འཛིང་པ་ཚོས་དྲང་བདེན་གྱི་ཆེད་དུ་དམག་འཐབ་བྱེད་པ་དང་། ཞི་བདེའི་ཆེད་དུ་རང་སྲོག་བློས་གཏོང་བའི་སྙིང་སྟོབས་དེ་ནི་ང་ཚོ་དཔོན་དམག་ཚོའི་ངོས་ནས་བརྗོད་ན་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་དམག་གྲབས་དམག་རྒྱག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྙོག་འཛིང་ཆེ་བའི་ཁོར་ཡུག་དང་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁོར་ཡུག་འོག་ཏུ་དམག་འཐབ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། ཚད་མཐོའི་དོགས་ཟོན་གྱི་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ནས། དམིགས་འབེན་གལ་ཆེན་རྦད་དེ་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། དུས་མཚུངས་སུ་དཔོན་དམག་ཚང་མས་རང་རྟོགས་ངང་རླབས་ཆེན་གྱི་ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་འཆི་རྒྱུར་མི་སྐྲག་པ་དང་། དཀའ་ཉེན་ལ་མི་སྐྲག་པར་ཏང་དང་མི་དམངས་ཀྱིས་སྤྲད་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་དགོས་ཞེས་གསུངས་གནང་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་གཉིས་བཀུར་དཔེ་བཟང་ལ་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཚད་རྡུལ་ཚན་རྩལ་གོང་འཕེལ་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་བ། ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོཊ་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་བགྲོ་གླེང་ཚོཊ་འདུ་འདིར་འཕྲིན་ཡིག་བཏང་གནང་འདུག