ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་བསམ་འཆར་བསྡུ་ལེན་བྱས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་ཚན་དང་པོ་དེ་ཡིན། ང་ཚོའི་མདུན་དུ་འཕྲད་པའི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ནི་རྩེ་རིམ་ཇུས་འགོད་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་མུ་མཐུད་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ། དུས་ཡུན་རིང་འབྲིང་གི་གོང་འཕེལ་འཆར་འགོད་ཀྱི་གྲོས་འགོ་གཏན་འབེབས་ཡག་པོ་བྱ་རྒྱུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་འབྱུང་འགྱུར་ལོ ༥ དང་དེ་བས་རིང་བའི་དུས་མཚམས་ནང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་བཅས་ཡིན་ཞེས་ནན་གསུངས་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཟླ ༨ པའི་ཚེས ༢༥ ཉིན་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ནས། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་དགོངས་འཆར་དང་གྲོས་འགོ་ཉན་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། དུས་བསྟུན་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་བཙུགས་པ་དང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་བཞུགས་ཡོད་པ་རེད།
ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨེ་ཤང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཐའོ་ཀྲི་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཡོད།
ཁོང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་འོག་རང་རྒྱལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་མོས་མཐུན་གནང་བ་མ་ཟད། ས་ཁོངས་ཀྱི་དཔལ་འབྱོར་བཀོད་པ་ལེགས་འགྱུར་བྱ་རྒྱུ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་ཞིང་རྒྱལ་སྤྱི་རྒྱལ་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་སྤེལ་བྱེད་པའི་གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་ཆགས་པར་བྱ་རྒྱུ། གསར་གཏོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རང་རྒྱལ་གྱི་འགག་རྩའི་སྒྲིག་ཆས་ཐད་ཀྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་འབྲེལ་ཐག་འཐུས་ཚང་དུ་གཏོང་རྒྱུ། ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ། བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། འཆར་འགོད་ཀྱི་ཁྲིམས་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་ཐོག་མར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར་བསམ་གཞིགས་བྱེད་ལུགས་དང་ཡིག་ཆ་དང་འཆར་ཟིན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད། ཁོང་གིས། ཀྲུང་གུང་ཀྲུང་དབྱང་གིས་ཞིབ་འཇུག་ནན་ཏན་བྱས་པ་བརྒྱུད། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བརྗོད་དོན་གཙོ་བོ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པའི་གཏན་འབེབས་བྱས་ཡོད། དེ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ཐོག་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱེད་པའི་དངོས་ཡོད་དགོས་མཁོ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གྲོས་འགོ་གཏན་འབེབས་ཡག་པོ་བྱ་རྒྱུ་དེས་འཆར་འགོད་རྩ་གནད་བཟོ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་དང་། མ་འོངས་པའི་ལོ་ལྔའི་རིང་རང་རྒྱལ་གོང་འཕེལ་གྱི་དམིགས་འབེན་གཙོ་བོ་དང་། སྔོན་འཇོག་ཁྱབ་ཁོངས། གཙོ་གནད་ལས་འགན་བཅས་སྤྱི་ཚོགས་ལ་བརྒྱུད་སྤེལ་བྱ་རྒྱུ་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་ཁྲིད་སྟོན་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གྲོས་འགོ་གཏན་འབེབས་ཡག་པོ་བྱེད་པར་ངེས་པར་དུ་འབྲེལ་བ་ཆེན་པོ་འགའ་ཞིག་ཐག་གཅོད་ཡག་པོ་བྱེད་དགོས་ཏེ། གཅིག་ནི་རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་སྦྲེལ་མཐུད་ཡག་པོ་བྱེད་དགོས། གཉིས་ནི་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རང་རྒྱལ་ལམ་ལུགས་ཀྱི་བཟང་ཆ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གསུམ་ནི་སྒོ་དབྱེ་དང་རང་བདག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དེ་བས་ཡག་པ་བྱེད་དགོས། བཞི་ནི་གོང་འཕེལ་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ལྔ་ནི་འཐབ་ཇུས་དང་འཐབ་རྩལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མིག་རྒྱང་རིང་བ་དང་དངོས་གཉེར་གོ་ཆོད་ཀྱི་འཆར་འགོད་དང་གྲོས་འགོ་ཞིག་གཏན་འབེབས་བྱ་དགོས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་གོང་འཕེལ་གྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གཏོང་བའི་ཁོར་ཡུག་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། སྤྱིའི་བསམ་ཕྱོགས་དང་དམིགས་འབེན་གཙོ་བོར་ཞིབ་འཇུག་གཏིང་ཟབ་བྱེད་པ། འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་འདོན་པ། སྔོན་མཐོང་རང་བཞིན་གྱི་སྒོ་ནས་ཉེན་ཁ་ཆེན་པོར་ཁ་གཏད་གཅོག་པའི་སྔོན་ཇུས་ཇུས་འགོད་བཅས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། འདི་ལོ་ནས་བཟུང་། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནད་དོན་གལ་ཆེན་ལ་དམིགས་ནས། རྣམ་པ་སྣ་མང་བརྒྱུད་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་ནས། སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་ཁག་ཅིག་ཐོབ་ཡོད་ཅིང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་བཟོ་རྒྱུར་ནན་ཏན་ངང་གྲ་སྒྲིག་གནང་ཡོད། སྤྱི་ཟླ ༤ པའི་ཟླ་སྨད་དུ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངགས་བཅོལ་གྱིས་ཆེད་མངགས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བརྗོད་བྱ་གཙོ་བོའི་ཐད་ལ་ཚང་མའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དང་། བློ་མཐུན་ཚོས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་རང་རྒྱལ་གྱི་གོང་འཕེལ་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་གཞིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྩའི་བསམ་བཀོད་དང་། གོང་འཕེལ་དམིགས་ཚད། འཐབ་ཇུས་གལ་ཆེན། ལས་འགན་གཙོ་བོ། བསྒྱུར་བཅོས་བྱེད་ཐབས་སོགས་ཀྱི་ཐད་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མི་ཉུང་བ་བཏོན་ཡོད་པས། གྲོས་འགོའི་མ་ཟིན་འབྲི་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་གནང་ཡོད། ད་གིན་ཚང་མས་གཏམ་བཤད་གནང་སྐབས་གང་བསམ་ལྷུག་གླེང་གནང་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་ཚད་བཟོ་རྒྱུའི་སྐོར་ལ་བསམ་འཆར་དང་གྲོས་འགོ་སྔར་ལས་ལྷག་པ་བཏོན་པར་ཉན་རྗེས་བློ་སྒོ་ཆེན་པོ་ཕྱེ་བྱུང་། ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཚང་མས་མུ་མཐུད་བསམ་གཞིགས་དང་ཞིབ་འཇུག་བྱས་ནས་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་མུ་མཐུད་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། གོང་འཕེལ་གྱི་དུས་མཚམས་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། གོང་འཕེལ་གྱི་དུས་མཚམས་གསར་པའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། ཧུར་བརྩོན་དང་རང་འགུལ་ངང་འགྲན་སློང་བསུ་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཉེན་ཁ་གོ་སྐབས་སུ་བསྒྱུར་གང་ཐུབ་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཤུགས་རྐྱེན་ཐེབས་པའི་གྲུབ་གཞིའི་རང་བཞིན་དང་། དུས་འཁོར་རང་བཞིན། སྒྲིག་སྲོལ་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་ཏེ། སྟོབས་ལྡན་དང་རྒྱུན་མཐུད་ཅན་གྱི་གོང་འཕེལ་གྱི་སྒུལ་ནུས་གསར་པ་གསོ་སྤེལ་བྱེད་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རྩེ་རིམ་ཇུས་འགོད་དང་འཐབ་ཇུས་ཀྱི་བཀོད་པར་ཤུགས་སྣོན་རྒྱག་པ། གོང་འཕེལ་གྱི་སྤྱི་ཡོངས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་དགོས། གོང་འཕེལ་གྱི་རྣམ་པ་གསར་པ་བསྐྲུན་རྒྱུར་ཤུགས་རྒྱག་པ་དང་། རང་རྒྱལ་གྱི་གོང་འཕེལ་གཏོང་བའི་ཁོར་ཡུག་དང་། གོང་འཕེལ་གཏོང་བའི་དུས་མཚམས། གོང་འཕེལ་གཏོང་བའི་ཆ་རྐྱེན་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བར་གཞིགས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དེ་བས་ལེགས་པའི་སྒོ་ནས་ཡིད་འགུག་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་བཟང་ཆ་གསར་པ་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གྲོས་འགོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་དུང་༼གྲོས་འགོ༽ལྟར་༼རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རྩ་གནད་འཆར་ཟིན༽གཏན་འབེབས་བྱ་དགོས། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་གནད་དོན་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་མུ་མཐུད་གཏིང་ཟབ་བྱེད་པ་དང་། གནས་ཚུལ་ངོ་མ་གསལ་རྟོགས་བྱེད་པ། ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་པ། སྤྱི་ཚོགས་ཀྱི་རེ་ཞུ་མངོན་པ་བཅས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་གཏན་འབེབས་ཡག་པོ་བྱ་ཆེད་རྩ་ཆེའི་བློ་གྲོས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད།
ཏིང་ཞུའེ་ཞང་དང་། ཝང་ཁྲེན། ལིའུ་ཧོ། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཡིའུ་ཆོན། ཞའོ་ཅེ། ཧོ་ལི་ཧྥེང་། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
བཞུགས་མོལ་ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣའི་གྲས་སུ་ད་དུང་ཁྲེན་ཞའོ་ཀོང་དང་། ཀྲེང་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧོ་ཝེ། ཧྲའོ་ཧུང་། ཅང་ཙུའོ་ཅུན། ལི་ཡུའེ་ཧྥེང་། ཞེ་ཅིང་རུང་། ཧྥན་ཅེ་སོགས་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས། ཞི་ཅིན་ཕིང་གི་གསུང་བཤད་ལ་འཐབ་འཛིང་པ་ཚོའི་ཁྲོད་ལན་ཆ་ཆེན་པོ་བྱུང་། ཞི་ཅིན་ཕིང་ནས་གཉིས་བཀུར་དཔེ་བཟང་ལ་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཚད་རྡུལ་ཚན་རྩལ་གོང་འཕེལ་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་བ།