ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གླེང་བ་ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།
ཆེད་དོན་རྩོམ་བསྡུས་དེའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་རྒྱས་བཤད་གནང་བའི་རྩོམ་ཡིག་གལ་ཆེན ༥༢ བསྡུས་ཡོད་ཅིང་། དེའི་ནང་གི་རྩོམ་ཡིག་ཁ་ཤས་ཤིག་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་དེ་གནས་བབ་ཧྲིལ་པོའི་ལས་དོན་གྱི་གལ་ཆེའི་གནས་བབ་ཐོག་བཞག་ནས་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ནས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་མི་སེམས་ལ་གཏིང་ཟབ་ཟུག་པ་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱ་ཁྱབ་ངང་དར་སྤེལ་བཏང་བ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་བཏང་བ། རིག་གནས་ཀྱི་བློ་སྤོབས་མངོན་པར་བྱས་པ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ཐོག་གི་མཐུན་སྒྲིལ་དང་གཅིག་གྱུར་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་དམིགས་ནས་བཏོན་པའི་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པས་རང་རེའི་ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་བཏང་ཡོད་པ་དང་། དུས་རབས་གསར་པའི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བློ་མཐུན་ཞི་ཅིན་ཕིང་གི་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གླེང་བ་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། དྲིལ་བསྒྲགས་བསམ་བློའི་ལས་དོན་གྱིས་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་པ་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་འགྲེམས་སྟོན་བཅས་ཀྱི་འགན་འཁྲི་དང་ལས་འགན་སྔར་བས་ཡག་པོ་འཁུར་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་པར་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་འགོ་བཙུགས་པར་གལ་ཆེའི་མཛུབ་སྟོན་གནང་བ། སྒོ་དབྱེའི་ཁྲོད་གོ་སྐབས་འཚོལ་བ་དང་མཉམ་ལས་ཁྲོད་དཀའ་གནད་སེལ་བ། ཞི་ཅིན་ཕིང་གིས་ནང་འདྲེན་དངོས་མང་འགྲེམས་ཚོཊ་ཐོག་གལ་ཆེའི་གསུང་བཤད་གནང་བ།