གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ནང་འདྲེན་དངོས་མང་འགྲེམས་ཚོཊ་ཐོག་གལ་ཆེའི་གསུང་བཤད་གནང་བ།

སྤེལ་དུས་: 2020ལོ་11ཟླ་05ཚེས་ 11:11 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་སྤྱི་ཚེས ༤ ཉིན་གྱི་དགོང་མོ་ཧྲང་ཧའེ་རུ་གཉེར་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་མཐོང་ཐོག་ནས་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ཡོད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད་ནའང་། ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོམ་སྟབས་སྔར་བཞིན་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་ནས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པ་དང་མཉམ་ལས་ཕྱོགས་སུ་སྐྱོད་པའི་འཕེལ་ཕྱོགས་ཆེན་མོར་འགྱུར་བ་བྱུང་མེད། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཏེ། མཉམ་ལས་མཉམ་རྒྱལ་དང་། མཉམ་ལས་མཉམ་འཁུར། མཉམ་ལས་མཉམ་བཅོས་བཅས་ཀྱི་ཐུན་མོང་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་སྒོ་དབྱེ་དང་། མཉམ་ལས། མཐུན་སྒྲིལ། མཉམ་རྒྱལ་བཅས་ཀྱི་དད་སེམས་རྒྱུན་འཁྱོངས་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་ཁྱོན་ཡོངས་ནས་རྒྱ་ཆེར་བཏང་སྟེ། ཀྲུང་གོའི་ཁྲོམ་ར་དེ་འཛམ་གླིང་གི་ཁྲོམ་ར་དང་། མཉམ་སྤྱོད་ཀྱི་ཁྲོམ་ར། ཚང་མའི་ཁྲོམ་ར་བཅས་ལ་འགྱུར་བ་བྱ་རྒྱུ་དང་། འཛམ་གླིང་དཔལ་འབྱོར་སླར་གསོར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆེད་དྲང་ནུས་དེ་བས་མང་བ་སྣོན་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། སྐབས་འདིའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་དམིགས་བསལ་གྱི་དུས་སྐབས་འདིར་གཉེར་ཡོད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་ཁག་ལ་བརྡབ་གསིག་ཚབས་ཆེན་བཟོས་ཡོད་ལ། འཛམ་གླིང་དཔལ་འབྱོར་ལ་གནོད་འཚེ་ཆེན་པོ་བཟོས་ཡོད། ཀྲུང་གོས་རིམས་འགོག་བདེ་འཇགས་འགན་སྲུང་བྱས་པའི་སྔོན་འགྲོའི་འོག དུས་བཀག་ལྟར་གོ་ལ་ཧྲིལ་པོའི་ཉོ་ཚོང་རྒྱས་འཛོམས་འདི་གཉེར་བའི་ཐོག་ནས་ཀྲུང་གོས་འཛམ་གླིང་ལ་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བའི་ལྷག་བསམ་དག་པའི་བསམ་འདུན་ཡང་མངོན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། མ་གཞི་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནའང་། ད་ལོ་ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོམ་སྟབས་སྔར་བཞིན་མགྱོགས་སུ་གཏོང་བཞིན་ཡོད། ང་རང་ནས་སྐབས་གཉིས་པའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ཐོག་ཁྱབ་བསྒྲགས་བྱས་པའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུའི་བྱ་ཐབས་རབ་དང་རིམ་པ་ཁྱོན་ཡོངས་ནས་དོན་འཁྱོལ་ཟིན་ཡོད། ཀྲུང་གོས་ནང་འདྲེན་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་རྒྱུ་ཡིན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་དང་ཧྲེན་ཀྲེན་གྱི་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་རྒྱ་ཆེར་གཏོང་བའི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་དང་ལག་ལེན་བསྟར་ཏེ། ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཆོད་ཡིག་ལ་མིང་རྟགས་བཀོད་པ་དང་། ནང་འདྲེན་ཉོ་ཚོང་གི་གསར་གཏོད་དཔེ་སྟོན་ཁུལ་གསོ་སྤེལ་བྱེད་པ། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་སོགས་ཀྱི་བྱ་ཐབས་ཚང་མར་འཕེལ་རིམ་བཟང་པོ་ཐོན་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། རིམས་ནད་ཀྱིས་འཛམ་གླིང་དཔལ་འབྱོར་ལ་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད། ལོ་རྒྱུས་ནས་བལྟས་ཚེ། ཉེན་ཁ་དང་། གོད་ཆག རླབས་རྒྱུན་ལས་ལྡོག་པ་བཅས་ཀྱི་གནས་ཚུལ་ཅི་འདྲ་ཞིག་འཕྲད་རུང་། མིའི་རིགས་ཀྱི་སྤྱི་ཚོགས་རྟག་ཏུ་མདུན་སྐྱོད་བྱེད་དགོས་པ་མ་ཟད། མུ་མཐུད་མདུན་སྐྱོད་ཐུབ་ངེས་རེད། རྒྱལ་ཁབ་ཁག་གི་སྒོ་དབྱེའི་ཕྱོགས་སུ་སྐྱོད་པ་དང་མཉམ་ལས་ཕྱོགས་སུ་སྐྱོད་པའི་འཕེལ་ཕྱོགས་ཆེན་པོར་འགྱུར་བ་བྱུང་མེད། ང་ཚོས་ལག་གདང་སྦྲེལ་ཏེ་ཉེན་ཁ་དང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། མཉམ་ལས་འབྲེལ་གཏུག་ལ་མཉམ་དུ་ཤུགས་སྣོན་རྒྱག་པ། མཉམ་དུ་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས། མཉམ་ལས་མཉམ་རྒྱལ་གྱི་ཐུན་མོང་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པར་ཡིད་ཆེས་བྱེད་པ་ལས་དོགས་སློང་མི་བྱེད་པ་དང་། ལག་གདང་སྦྲེལ་བ་ལས་ཁུ་ཚུར་མི་འཕྱར་བ། གྲོས་མོལ་བྱེད་པ་ལས་འཕྱ་སྨོད་བྱ་རྒྱུ་མེད། མཉམ་ལས་མཉམ་འཁུར་གྱི་ཐུན་མོང་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པར་རྒྱལ་ཁབ་ཆེན་པོས་སྔོན་ལ་དཔེ་སྟོན་བྱེད་དགོས་པ་དང་། དཔལ་འབྱོར་མ་ལག་གཙོ་བོས་རང་དཔེ་གཞན་སྟོན་བྱེད་པ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ནུས་པ་ཧུར་ཐག་འདོན་དགོས། མཉམ་ལས་མཉམ་བཅོས་ཀྱི་ཐུན་མོང་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པར་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་རང་དགར་གཏོར་བཤིག་མི་གཏོང་བར་དགེ་མཚན་གྱིས་ཕྱུག་པའི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་ལ་སྒྱུར་བཅོས་བྱས་ཏེ། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། མཇུག་སྒྲིལ་མ་ཐག་པའི་ཀྲུང་གུང་སྐབས་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོགཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་གོང་འཕེལ་ཐད་སྒོ་ཀུན་ནས་འཆར་འགོད་བྱས་ཡོད། ཀྲུང་གོས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་དང་དབུལ་སྒྲོལ་འགག་སྒྲོལ་རྒྱལ་ཁ་ལེན་པའི་དམིགས་འབེན་མི་རིང་བར་མངོན་འགྱུར་ཐུབ་རྒྱུ་དང་། སང་ལོ་ནས་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་རྒྱུ་ཡིན་པས། ཀྲུང་གོ་ཉིད་གོང་འཕེལ་གྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུ་རེད། ང་ཚོས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཏོད་རྒྱུ་གཙོ་བོར་བཟུང་བ་དང་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་ཐུབ་པའི་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུ་སྟོན་ཡོད། དེ་ནི་སྒོ་བཀག་རྣམ་པའི་རྒྱལ་ནང་གི་འཁོར་རྒྱུག་ཙམ་ཞིག་མ་ཡིན་པར་དེ་བས་སྒོ་མོ་དབྱེ་བའི་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོ་ཞིག་རེད། དེ་ནི་ཀྲུང་གོའི་རང་ངོས་གོང་འཕེལ་གྱི་དགོས་མཁོ་ཞིག་ཡིན་ལ། ད་དུང་དེས་རྒྱལ་ཁབ་མང་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་ཐུབ། ཀྲུང་གོ་ནི་གོ་ལའི་ཐོག་གི་གོང་འཕེལ་གཏོང་གཞི་ཆེ་ཤོས་ལྡན་པའི་ཁྲོམ་ར་ཆེན་པོ་ཞིག་རེད། ཀྲུང་གོའི་བཟོ་སྐྲུན་ཡང་གོ་ལའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། དེའི་ཐད་ལེགས་སྐྱེས་ཀྱང་གལ་ཆེན་ཕུལ་ཡོད། ཀྲུང་གོའི་རྒྱ་ཆེ་བའི་ནང་མཁོའི་ཁྲོམ་རས་གསར་གཏོད་གཏོང་གཞི་ཆེན་པོ་མང་པོ་མུ་མཐུད་སྔོག་འདོན་བྱེད་ཐུབ། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དང་། ཀྲུང་གོའི་ཁྲོམ་ར་ཉིད་འཛམ་གླིང་གི་ཁྲོམ་ར་དང་མཉམ་སྤྱོད་ཀྱི་ཁྲོམ་ར། ཚང་མའི་ཁྲོམ་ར་བཅས་ལ་འགྱུར་བ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ནུས་དེ་བས་མང་བ་སྣོན་རྒྱུ་ཡིན།

དང་པོ། སྒོ་དབྱེའི་མཐོ་ས་གསར་པ་གཏོད་པ། ཀྲུང་གོས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁའི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་བཏོན་ཏེ། གྲངས་གཞིའི་དཔལ་འབྱོར་དང་མཉམ་འབྲེལ་དྲ་རྒྱ་སོགས་ཁྱབ་ཁོངས་སུ་མུ་མཐུད་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

གཉིས་པ། ཕྱི་ཕྱོགས་ཉོ་ཚོང་གསར་གཏོད་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོས་མུ་མཐུད་དེ་ནང་འདྲེན་དངོས་མང་འགྲེམ་ཚོགས་སོགས་ཀྱི་སྒོ་དབྱེའི་སྟེགས་བུ་བརྒྱུད་དེ་རྒྱལ་ཁབ་ཁག་གི་ཁེ་ལས་ནས་ཀྲུང་གོར་ཚོང་ལས་གོ་སྐབས་འཚོལ་བར་ཡོང་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོས་ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་ཡོང་བ་བྱེད་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གྱིས་རྒྱལ་སྤྱིའི་ཉོ་ཚོང་འཕར་སྣོན་ལ་སྐུལ་འདེད་དང་འཛམ་གླིང་དཔལ་འབྱོར་ཆེད་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ལས་སྒོ་གསར་པ་དང་ལས་རྣམ་གསར་པ་མགྱོགས་མྱུར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ཕྱི་ཕྱོགས་ཉོ་ཚོང་གི་འགུལ་ནུས་གསར་པ་གསོ་སྤེལ་བྱ་རྒྱུ་ཡིན། ཀྲུང་གོས་ནང་འདྲེན་བྱེད་མི་ཆོག་པ་དང་ནང་འདྲེན་གྱི་ལག་རྩལ་ལ་ཚད་བཀག་བཟོ་བའི་དཀར་ཆག་ཉུང་དུ་བཏང་ནས་ལག་རྩལ་རྒྱུ་ཆ་རྒྱལ་ཁོངས་བརྒལ་ནས་རང་མོས་འཁོར་རྒྱུག་ཐུབ་རྒྱུར་ཁོར་ཡུག་བཟང་པོ་ཞིག་སྐྲུན་རྒྱུ་ཡིན།

གསུམ་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད་པ། ཀྲུང་གོས་རིམས་ནད་རྗེས་སུ་བཏོན་པའི་ཁེ་ལས་ཀྱི་དཀའ་གནད་སེལ་བ་དང་ཁེ་ལས་ལ་ཕན་པ་སྐྲུན་པའི་གཟིགས་སྐྱོང་སྲིད་ཇུས་ཚང་མ་ཀྲུང་གོའི་མངའ་ཁོངས་སུ་ཐོ་འགོད་བྱས་པའི་ཁེ་ལས་ཚང་མར་ལྟ་སྟངས་གཅིག་གྱུར་འཛིན་རྒྱུ་ཡིན། ད་ལོ། ཀྲུང་གོས་ཕྱི་ཕྱོགས་ཚོང་པའི་མ་འཇོག་བཅའ་ཁྲིམས་དང་འབྲེལ་ཡོད་ཆ་སྦྱོར་ཁྲིམས་སྲོལ་ལག་ལེན་བསྟར་བ་དེས་ཕྱི་ཕྱོགས་ཚོང་པའི་མ་འཇོག་ཀྲུང་གོར་ཞུགས་པའི་བཀག་རྒྱའི་གསལ་ཐོ་སྔར་བས་ཉུང་དུ་སོང་ཡོད། ཀྲུང་གོས་མུ་མཐུད་གཞུང་དྲང་ཁ་གསལ་གྱི་ཕྱི་འབྲེལ་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཕྱོགས་མ་རྩའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཕུལ་བྱུང་གི་ཞབས་ཞུའི་ཐོག་ནས་ཁོར་ཡུག་དེ་བས་ལེགས་པ་གཏོད་པ་བཅས་བྱ་རྒྱུ་ཡིན།

བཞི་པ། ཕྱོགས་གཉིས་དང་ཕྱོགས་མང་། ས་ཁོངས་བཅས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་གོས་རྒྱལ་ཁབ་དེ་བས་མང་བའི་བར་རང་མོས་ཉོ་ཚོང་གྲོས་ཆོད་ལ་མིང་རྟགས་འགོད་པ་དང་། ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་དང་ཀྲུང་གོ་དང་ལྗར་པན། ལྷོ་ཁོ་རེ་ཡ་སོགས་ཀྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་དང་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་ནང་ཧུར་ཐག་ཞུགས་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཞི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས། འབོ་སེར་རྒྱལ་ཁབ་སོགས་ཀྱི་སྒྲིག་གཞིའི་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུ་ཡིན། ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། ཀྲུང་གོ་བར་ལྕགས་རི་རིང་པོར་མ་སླེབས་ན་ཕོ་རབས་མིན་ཞེས་པའི་ཤོད་སྲོལ་ཡོད། དེང་གི་འཛམ་གླིང་དཔལ་འབྱོར་གོང་འཕེལ་ལ་འགྲན་རྩོད་དྲག་པོ་འཕྲད་ཡོད་པས། ང་ཚོས་ཡིད་ཆེས་བརྟན་གཏོང་དང་། བློ་སྟོབས་ཆེར་གཏོང་། དཀའ་གནད་མཉམ་སྒྲོལ་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་དབྱེའི་ཁྲོད་གོ་སྐབས་སྐྲུན་པ་དང་། མཉམ་ལས་ཁྲོད་དཀའ་གནད་སེལ་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་གསུངས་གནང་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་གནང་བའི་གསལ་བཤད་འདི་ཁྱབ་བསྒྲགས་བྱས་འདུག ཞི་ཅིན་ཕིང་ནས་ཏང་ཕྱིའི་མི་སྣའི་བཞུཊ་མོལ་ཚོཊ་འདུ་གཙོ་སྐྱོང་གནང་བ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས། ཞི་ཅིན་ཕིང་གི་གསུང་བཤད་ལ་འཐབ་འཛིང་པ་ཚོའི་ཁྲོད་ལན་ཆ་ཆེན་པོ་བྱུང་།