གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྒོ་དབྱེའི་ཁྲོད་གོ་སྐབས་འཚོལ་བ་དང་མཉམ་ལས་ཁྲོད་དཀའ་གནད་སེལ་བ།

སྤེལ་དུས་: 2020ལོ་11ཟླ་06ཚེས་ 17:15 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༡ པའི་ཚེས ༤ ཉིན་གྱི་དགོང་མོ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བརྙན་མཐོང་རྣམ་པའི་ཐོག་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ནས་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་སླར་ཡང་བཏོན་གནང་བ་མ་ཟད་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་ཁྱོན་ཡོངས་ནས་རྒྱ་ཆེར་གཏོང་རྒྱུའི་ནན་སྟོན་གནང་བ་དང་། ཀྲུང་གོས་ཁྱོན་ཡོངས་ནས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བྱ་ཐབས་གསར་པ་ཁྱབ་བསྒྲགས་གནང་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་གཏམ་བཤད་ལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོགས་ཞུགས་སྐུ་མགྲོན་དང་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པའི་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད། ཚང་མས། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་སོང་བའི་རྒྱབ་ལྗོངས་འོག གསུང་བཤད་ཀྱིས་ཀྲུང་གོས་མུ་མཐུད་སྒོ་དབྱེ་རྒྱ་ཆེར་གཏོང་བའི་འགྱུར་མེད་ཆོད་སེམས་མངོན་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་དང་གོང་འཕེལ་ཆེད་དྲང་ནུས་ཆེན་པོ་སྣོན་རྒྱུ་རེད་ཅེས་བསྟན་ཡོད།

གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་ཁག་ལ་བརྡབ་གསིག་ཚབས་ཆེན་བཟོས་ཡོད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་ལའང་གནོད་འཚེ་ཆེན་པོ་བཟོས་ཡོད། འཛམ་གླིང་གི་དཔལ་འབྱོར་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་སོང་བའི་གནས་ཚུལ་འོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གིས་སྒོ་དབྱེའི་ཕྱོགས་སུ་སྐྱོད་པ་དང་མཉམ་ལས་ཕྱོགས་སུ་སྐྱོད་པའི་འཕེལ་ཕྱོགས་ཆེན་པོར་འགྱུར་བ་མེད། ང་ཚོས་ལག་གདང་སྦྲེལ་ཏེ་ཉེན་ཁ་དང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། མཉམ་ལས་དང་འབྲེལ་གཏུག་ལ་མཉམ་དུ་ཤུགས་སྣོན་རྒྱག་པ། མཉམ་དུ་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས་ཞེས་གསུངས་པ་མ་ཟད། མཉམ་དུ་སྒོ་དབྱེ་ཞེས་པའི་འདོད་ཚུལ་གལ་ཆེན་གསུམ་ཁ་གསལ་བཏོན་གནང་ཡོད། དེས་རྒྱལ་ཁབ་ཁག་གིས་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་གོང་འཕེལ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཀྲུང་གོ་ནུས་ཁུངས་འཛུགས་སྐྱོང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཧྲུའུ་ཅི། ལས་འཛིན་དཔོན་སུང་ཧའེ་ལེའང་གིས། སྤྱི་ཁྱབ་ཧྲུའུ་ཅིས་འབྱུང་འགྱུར་ང་ཚོའི་གོ་ལ་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས། དཔལ་འབྱོར་མཉམ་ལས། སྤུས་ཚད་མཐོ་བའི་སྒོ་དབྱེ་བཅས་ཀྱི་ཉིང་བཅུད་གསུངས་གནང་བ་དེས་ཁ་ཕྱོགས་དང་ལམ་བུ་གསལ་སྟོན་གནང་ཡོད།

ཏོག་གསར་གློ་ཚད་རིམས་ནད་འགོས་ཁྱབ་ཤུགས་ཆེར་འགྲོ་བའི་དམིགས་བསལ་གྱི་དུས་སྐབས་འདིར་ཀྲུང་གོས་སྐབས་གསུམ་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་དུས་བཀག་ལྟར་གཉེར་འགོ་ཚུགས་པ་མ་ཟད། འགོ་ཚུགས་ཀྱི་ནང་དོན་དང་། ཁྱབ་ཁོངས། འགྲེམས་སྟོན་ནང་ཞུགས་པའི་དངོས་པོའི་རིགས་སོགས་སྐབས་སྔོན་མ་ལས་མང་བ་ཡོད། ང་རང་གི་བསམ་པར་དེའི་ཐོག་ནས་ཀྲུང་གོའི་བློ་སྤོབས་དང་། ཀྲུང་གོའི་སྟོབས་ཤུགས། ཀྲུང་གོའི་ནུས་ཤུགས། ཀྲུང་གོའི་ཆོད་སེམས་བཅས་མངོན་ཡོད་ཅེས་བརྗོད་ཡོད་པ་རེད།

ཏེ་ཆིན་ཀྲུང་གོའི་གསར་གཏོད་གཙོ་འགན་གྱི་མཉམ་ལས་རོགས་པ་ལིའུ་མིང་ཧྭ་ཡིས། ད་ལོ་བཏོན་པའི་འཁོར་རྒྱུག་གཉིས་ཀྱི་གནས་སྟངས་དེའི་ཐོག་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་ནི་ཚོང་ལས་ཀྱི་གོ་སྐབས་ཀྱིས་ཁེངས་པ་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་འཁོར་རྒྱུག་ཞེས་པ་དེ་ཡང་དོན་དངོས་ཐོག་ཚད་གཞི་དེ་བས་ཆེ་བའི་ཐོག་ནས་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་བྱེད་པ་ཞིག་རེད། ཁྲོམ་ར་མཉམ་སྤྱོད་དེ་རྒྱལ་ཁོངས་བརྒལ་བའི་ཀུང་སིའི་ངོས་ནས་བརྗོད་ན་ཚོང་ལས་ཀྱི་གོ་སྐབས་རྫོགས་མཐའ་མེད་པ་ལྡན་ཡོད་ཅེས་བརྗོད་ཡོད་པ་རེད།

ཀྲུང་གོར་བཅའ་སྡོད་སི་ར་ལ་ཨོང་གི་གཞུང་ཚབ་ཆེན་མོ་ཨེན་ཏོ་མ་ཞི་ན་ཡིས། ང་རང་གི་བསམ་པར་རྒྱལ་ཁབ་ཚང་མས་སྒོ་དབྱེའི་བསམ་བློ་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་མཉམ་རྒྱལ་གྱི་མཉམ་ལས་མངོན་འགྱུར་ཐུབ་ལ། གཞི་ནས་རྒྱལ་ཁབ་གཞན་དག་གི་གོང་འཕེལ་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པའི་ཁྲོད་ནས་ཕན་པ་ཐོབ་ཐུབ། འོན་ཀྱང་། གལ་ཏེ་སྒྱིད་ལུག་གུ་དོག་གི་རྣམ་འགྱུར་ཐོག་ནས་གོང་འཕེལ་གཏོང་ཐབས་བྱས་ཚེ་དཀའ་ངལ་འཕྲད་ངེས་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་འཛམ་གླིང་དཔལ་འབྱོར་ཉོ་ཚོང་གོང་འཕེལ་ལ་གོ་སྐབས་ཆེན་པོ་བསྐྲུན་པ་དང་། མདུན་ལྗོངས་ནི་འོད་སྣང་ལྡན་པ་ཞིག་ཡིན་ཞེས་བརྗོད་ཡོད་པ་རེད།

ཀྲུང་གོར་བཅའ་སྡོད་ཆི་ལིའི་གཞུང་ཚབ་ཆེན་མོ་ཧྲེ་སྨི་ཐེས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉམས་ཉེན་ཚབས་ཆེན་གྱི་མདུན་དུ་སུ་ཞིག་གིས་ཀྱང་ཐབས་མཁས་རང་སྲུང་བྱེད་མི་ཐུབ། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ང་རང་ལ་བཞག་པའི་བག་ཆགས་ཟབ་ཤོས་ཀྱི་བཀའ་མོལ་ཞིག་ཡིན། གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉམས་ཉེན་མདུན་དུ་འཛམ་གླིང་ཡོངས་ནས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཀྲུང་གོས་ལེགས་གྲུབ་ལྡན་པའི་ངང་རིམས་ནད་ཚོད་འཛིན་ཐུབ་པ་དེས་འཛམ་གླིང་གིས་ཉམས་ཉེན་ལ་ཁ་གཏད་གཅོག་པར་མིག་དཔེ་བསྟན་པ་མ་ཟད། འཛམ་གླིང་དེ་ཉིད་དཀའ་ངལ་ཁྲོད་ནས་བསྒྲལ་རྒྱུར་རོགས་རམ་བྱས་ཡོད་ཅེས་བརྗོད་ཡོད་པ་རེད།

རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཏོད་རྒྱུ་གཙོ་བོར་བཟུང་བ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུ་དེ་ནི་སྒོ་བཀག་རྣམ་པའི་རྒྱལ་ནང་གི་འཁོར་རྒྱུག་ཅིག་མིན་པར། དེ་ནི་དེ་བས་སྒོ་འབྱེད་ཀྱི་རྒྱལ་སྤྱི་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་ཀུན་ནས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དང་། ནུས་འབྲས་མཐོ་བའི་སྒོ་ནས་ཕྱི་ནང་ཁྲོམ་ར་སྦྲེལ་མཐུད་དང་རྒྱུ་ཆའི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ནས་ཀྲུང་གོའི་ཁྲོམ་ར་ཉིད་འཛམ་གླིང་གི་ཁྲོམ་ར་དང་། མཉམ་སྤྱོད་ཀྱི་ཁྲོམ་ར། མི་ཚང་མའི་ཁྲོམ་ར་བཅས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད། དེ་ལས་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བ་བྱ་རྒྱུའི་འགན་སེམས་མངོན་ཡོད་ཅེས་གསུངས་ཡོད།

ཝ་ལེ་ཨན་སྨན་བཅོས་ཀྱི་གོ་ལའི་སྤྱི་འདོམས་པ་གཞོན་པ་དང་ཀྲུང་ཧྭ་ཁུལ་གྱི་སྤྱི་འདོམས་པ་ཀྲང་ཞའོ་ཡིས། ཀྲུང་གོའི་ཁྲོམ་ར་ཆེན་པོ་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་རྣམ་འགྱུར་ལས་ང་ཚོས་ཀྲུང་གོར་གོང་འཕེལ་གྱི་འགུལ་ནུས་གསར་པ་བྱིན་ཡོད། དེར་བརྟེན། ང་ཚོས་ཀྱང་ཐོན་སྐྱེད་ནུས་པ་མུ་མཐུད་མཐོ་རུ་བཏང་བ་དང་ང་ཚོའི་ཐོན་ལས་སྦྲེལ་ཐག་གི་ནུས་པ་ཆེ་རུ་བཏང་ནས་ཀྲུང་གོའི་བློ་རིག་གོ་ལ་ཧྲིལ་པོར་ཁྱབ་པ་བྱས་ཡོད། དེ་ནི་མཉམ་རྒྱལ་ཞིག་ཡིན་པས་ཕན་ཚུན་མཉམ་སྤྱོད་ཞུ་དགོས། ཁྲོམ་ར་ནི་འཛམ་གླིང་ཀུན་གྱི་ཁྲོམ་ར་ཞིག་རེད་ཅེས་གསུངས་ཡོད།

ཨ་རིའི་ཀའོ་ཐུང་ཀུང་སིའི་ཀྲུང་གོའི་ཁུལ་གྱི་སྤྱི་འདོམས་པ་མོང་ཕུ་ཡིས། འདས་ཟིན་པའི་ལོ་གསུམ་རིང་། ང་ཚོའི་ཀུང་སིར་ཀྲུང་གོར་ལས་མི ༣༠༠༠ མ་ཟིན་ཙམ་ལས་མེད་པ་ནས་ད་ལྟ་ལས་མི ༥༠༠༠ ལྷག་ཙམ་བར་འཕེལ་རྒྱས་བྱུང་ཡོད། དེ་ལས་ང་ཚོས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་རིགས་ཁག་བར་གྱི་ང་ཚོའི་མཉམ་ལས་རོགས་ཟླ་དེ་བས་མང་དུ་ཕྱིན་ཡོད་པ་མཚོན་ཡོད། ང་ཚོས་ཀྲུང་གོའི་ཁྲོམ་རའི་གོང་འཕེལ་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་སྒོ་དབྱེའི་མཐོ་ས་གསར་པ་གཏོད་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད་པ། ཕྱོགས་གཉིས་དང་ཕྱོགས་མང་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་ཀྱི་བྱ་ཐབས་ཆེན་པོ་བཞི་ལས། འཛམ་གླིང་གིས་སླར་ཡང་ཀྲུང་གོས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཆོད་སེམས་མཐོང་ཡོད་ལ། ཀྲུང་གོས་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་ལྷག་བསམ་ཀྱང་ཚོར་ཡོད།

ལུའུ་དབྱི་ད་ཧྥུ་ཚོགས་པའི་གོ་ལའི་དབུ་ཞུགས་ཚོང་དོན་དཔོན་དང་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཀྲའུ་ཞོལ་ཅུན་གྱིས། ཆེས་འགག་རྩ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟག་ཏུ། ང་ཚོ་ཀྲུང་གོས་སྒོ་དབྱེ་བྱེད་ཤུགས་སྔར་བས་རྒྱ་ཆེར་གཏོང་རྒྱུ་རེད། རིམས་ནད་ཀྱི་གནས་ཚུལ་འོག་ཏུའང་། ང་ཚོས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བྱ་ཐབས་མང་པོ་བཟུང་ཡོད་ཅེས་གསུངས་གནང་བ་དེ་རེད། དེར་ང་ཚོ་དགའ་སྣང་ཆེན་པོ་བྱུང་། རྒྱུ་མཚན་ནི་མ་འོངས་པའི་ལོ་འགའི་རིང་། ང་ཚོས་ཀྲུང་གོར་མ་འཇོག་བྱེད་ཤུགས་དེ་བས་ཆེ་རུ་གཏོང་རྒྱུ་ཡིན། ང་ཚོས་ཀྲུང་གོའི་མིག་སྔའི་དཔལ་འབྱོར་བརྗེ་སྒྱུར་ལ་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ལ། སྔོན་མའི་སྲོལ་རྒྱུན་གྱི་གོང་འཕེལ་གཏོང་སྟངས་ནས་མིག་སྔའི་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་སྟངས་ལ་བརྗེ་སྒྱུར་བྱས་པ་དེར་ཡང་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ཅེས་གསུངས་ཡོད།

ཨ་རིའི་ཅཱ་ཅེའི་ཀུང་སིའི་ཀྲུང་གོའི་ཁུལ་གྱི་སྤྱི་འདོམས་པ་གཞོན་པ་མ་ཀྲེང་གིས། ཞི་ཀྲུའུ་ཞིས་མུ་མཐུད་ཕྱི་ཕྱོགས་སྒོ་དབྱེ་བྱ་རྒྱུ་དང་། མུ་མཐུད་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱ་རྒྱུའི་སྐོར་གསུངས་སོང་། དེས་མ་ཚད་ཁོང་གིས་འཁོར་རྒྱུག་ཆེན་པོ་གཉིས་ཀྱི་སྐོར་ཡང་གསུངས་གནང་སོང་། དེ་ནི་འབྱུང་འགྱུར་གྱི་གོང་འཕེལ་ཁ་ཕྱོགས་ཡག་པོ་ཞིག་རེད། དོན་དངོས་ཐོག་ཀྲུང་གོ་འཕར་གནས་ཤིག་ཏུ་སླེབས་ཡོད། རྒྱལ་ནང་དུའང་རྒྱུན་མཐུད་འཕར་སྣོན་འགྲོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་ཡོད། དེ་ནི་ཁྲོམ་ར་ཆེན་པོ་ཞིག་རེད། ཀྲུང་གོའི་ཁྲོམ་རར་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་འགོ་བཙུགས་པར་གལ་ཆེའི་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གིས་ནང་འདྲེན་དངོས་མང་འགྲེམས་ཚོཊ་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་ནས་གནང་བའི་གསལ་བཤད་འདི་ཁྱབ་བསྒྲགས་བྱས་འདུག ཞི་ཅིན་ཕིང་ནས་ཏང་ཕྱིའི་མི་སྣའི་བཞུཊ་མོལ་ཚོཊ་འདུ་གཙོ་སྐྱོང་གནང་བ།