གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་འཐུས་མི་ཁག་གཅིག་དང་མཇལ་འཕྲད་གནང་བ།

སྤེལ་དུས་: 2020ལོ་12ཟླ་09ཚེས་ 10:10 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༢ པའི་ཚེས ༣ ནས ༤ ཉིན་བར་དམག་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་འཐུས་མི་རྣམས་དང་མཛའ་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་སྐུ་ཚབ་ཞུས་ནས་དམག་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྲོས་ཚོགས་སྐོང་འཚོགས་བྱས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ཚང་མར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།

སྤྱི་ཚེས ༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༤ པའི་སྐབས། ཞི་ཅིན་ཕིང་ཅིང་ཞི་མགྲོན་ཁང་དུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་འཐུས་མི་རྣམས་དང་མཛའ་བརྩེའི་མཇལ་འཕྲད་གནང་བ་མ་ཟད་ཁོང་ཚོ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་ཡོད།

ཐེངས་འདིའི་དམག་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་བ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཞི་ཅིན་ཕིང་གིས་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་བླང་བྱ་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་བྱེད་པ། ཏང་གིས་དམག་དཔུང་གི་བསམ་བློ་ཆབ་སྲིད་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུར་གཞིགས་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་ཧུར་ཐག་གཏོད་པ། སློབ་གསོའི་འདུ་ཤེས་དང་ནང་དོན། བྱ་ཐབས། སྟོབས་ཤུགས། ལས་ཀའི་སྤེལ་ཕྱོགས་དང་ལམ་ལུགས་སྒྲིག་གཞི་བཅས་གསར་གཏོད་བྱེད་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུར་འགྱུར་མེད་ཀྱི་བསམ་བློ་ཆབ་སྲིད་འགན་སྲུང་མཁོ་འདོན་བྱས་ཡོད་པ་རེད།

ཞུས་ཆི་ལེའང་དང་། ཀྲང་ཡའུ་ཞ། ལི་ཙོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་མཇལ་འཕྲད་ནང་ཞུགས་ཡོད།

ཀྲང་ཡའུ་ཞ་ཡིས་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གིས་བསམ་བློ་དང་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྱོང་བྱ་རྒྱུར་གཞིགས་པ། དུས་རབས་གསར་པའི་མི་དམངས་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་གཏོད་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཏན་ཏིག་ཆུད་པ་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པས་མི་སྣ་སྐྱོང་བའི་གཞི་རྩར་སྔ་བར་ཕྱི་གསུམ་དུ་དམ་འཛིན་བྱེད་པ། མང་ཚོགས་ལ་བརྟེན་པ་དང་མང་ཚོགས་སྐུལ་སློང་གིས་སློབ་གསོའི་མ་དཔེའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། འགོ་ཁྲིད་ལས་བྱེད་པའི་རང་དཔེ་གཞན་སྟོན་གྱི་མིག་དཔེ་འདོན་རྒྱུ་ཤུགས་ཆེར་གཏོང་བ། སྤྱི་ཡོངས་ནས་སློབ་གསོར་དམ་འཛིན་དང་མཉམ་ཤུགས་སྒྲིལ་ནས་སློབ་གསོར་དམ་འཛིན་བྱེད་པའི་གནས་བབ་ཆེན་པོ་གྲུབ་པ་བྱེད་པ་བཅས་བྱས་ནས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རང་དམག་གི་བསམ་བློ་ཆབ་སྲིད་སློབ་གསོར་འགྱུར་ལྡོག་གསར་པ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།

དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་ཁག་གི་ཆབ་སྲིད་ལས་དོན་གྱི་འགན་འཁུར་བློ་མཐུན་དང་། དམག་ཡོངས་ཀྱི་ཚན་པ་ཆེ་གྲས་ཁག་གི་ཆབ་སྲིད་ཨུ་ཡོན་དང་ཆབ་སྲིད་ལས་དོན་ཚན་པའི་འབྲེལ་ཡོད་འགོ་ཁྲིད་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཚོགས་འདུ་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་བློ་མཐུན་རྒན་གྲས་ལ་འཕྲིན་ལན་སྤྲིངས་པ། ཅང་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པ།