ཞི་ཅིན་ཕིང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ཐད་རྟོག་ཞིབ་གནང་བ།
སྤྱི་ཚེས ༡༨ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ཐད་རྟོག་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་སྔ་རྗེས་སུ་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཁུལ་གྱི་རྒྱལ་སའི་ལུས་རྩལ་ཁང་དང་། པེ་ཅིང་གྲོང་ཁྱེར་ཡན་ཅིང་ཁུལ་གྱི་རྒྱལ་ཁབ་ཀྱི་རི་མཐོའི་གངས་ཤུད་ལྟེ་གནས། རྒྱལ་ཁབ་གངས་འཁོར་གངས་གྲུ་ལྟེ་གནས་བཅས་སུ་ཕེབས་ནས་རྟོག་ཞིབ་གནང་བ་དང་། ལུས་རྩལ་ཁང་གི་འཛུགས་སྐྲུན་དང་ལུས་རྩལ་པའི་འགྲན་ཞུགས་གྲ་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ལུས་རྩལ་པ་དང་རྩལ་སློབ་པ། ཡན་ཅིང་འགྲན་ཁུལ་གྱི་འཁོར་རྒྱུག་འགན་སྲུང་རུ་ཁག འཛུགས་སྐྲུན་པའི་འཐུས་མི་བཅས་ལ་འཚམས་འདྲི་ཡང་ཞུས་གནང་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་གི་བཀའ་རྒྱ་ལྟར་དམག་ཡོངས་ཀྱིས་དམག་སྦྱོང་བྱེད་འགོ་བརྩམས། ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུད་ཀྱི ༢༠༢༡ ལོའི་བཀག་རྒྱ་ཨང་དང་པོར་མིང་རྟགས་བཀོད་པ། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་གཙོ་སྐྱོང་གནང་བ།