གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་དེབ་དཔེ་སྐྲུན་བྱས།

སྤེལ་དུས་: 2021ལོ་02ཟླ་22ཚེས་ 11:06 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་དེབ་དེ་ཉེ་དུས་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

ཆེད་དོན་གསུང་རྩོམ་གཅེས་བཏུས་དེའི་ནང་། བློ་མཐུན་ཞི་ཅིན་ཕིང་གི་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་གལ་ཆེན ༤༠ བསྡུ་སྒྲིག་བྱས་ཡོད། དེའི་ཁྲོད་རྩོམ་ཡིག་ཁག་གཅིག་ཡོངས་བསྒྲགས་ཐོག་འདོན་ཐེངས་དང་པོ་ཡིན་པ་རེད།

ལོ་རྒྱུས་ནི་བསླབ་གཞི་ཡག་ཤོས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་ལ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་གནང་བ་དང་། གོ་རིམ་ལྡན་པའི་སྒོ་ནས་རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་ལ་ཕྱིར་དྲན་གནང་བ་དང་། ཏང་གིས་ལོ་རྒྱུས་དུས་སྐབས་མི་འདྲ་བའི་ནང་བཏོད་པའི་རིགས་གཞུང་གི་གྲུབ་འབྲས་དང་། བསགས་པའི་རྩ་ཆེའི་ཉམས་མྱོང་། གྲུབ་པའི་རླབས་ཆེའི་སྙིང་སྟོབས་བཅས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ། ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཆེད་ཕུལ་བའི་རླབས་ཆེའི་ལེགས་སྐྱེས་དང་། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་མཁོ་འདོན་བྱས་པའི་ཀྲུང་གོའི་བློ་རིག་དང་ཀྲུང་གོའི་ཇུས་གཞིར་རྒྱས་བཤད་གཏིང་ཟབ་གནང་བ། ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་གྱི་འོད་སྣང་འཕྲོ་བའི་མདུན་ལྗོངས་ལ་རྒྱང་གཟིགས་གནང་ཡོད། རྣམ་བཤད་གལ་ཆེན་དེ་དག་ནི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་རྒྱ་ཆེའི་ལས་བྱེད་མང་ཚོགས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་སོཌ་ནས་བློ་མཐུན་རྒན་གྲས་ལ་ལོ་གསར་གྱི་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་ཞི་པའེ་ཕོ་པེ་ཀྲོང་གྲོང་ཚོའི་ཏང་ཡོན་ལ་འཕྲིན་ལན་བསྐུར་བ། ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཡི་ལས་བྱེད་མང་ཚོཊ་ཚོར་ལོ་གསར་གྱི་འཚམས་འདྲི་གནང་བ།