གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་སོཌ་ནས་བློ་མཐུན་རྒན་གྲས་ལ་ལོ་གསར་གྱི་འཚམས་འདྲི་གནང་།

སྤེལ་དུས་: 2021ལོ་02ཟླ་10ཚེས་ 15:27 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཞལ་པར་སོགས་ཀྱི་ཐབས་ལམ་བརྒྱུད་ནས་འཚམས་འདྲི་གནང་བའམ་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བརྒྱུད་ནས་ཅང་ཙེ་མིན་དང་། ཧུའུ་ཅིན་ཐའོ། ཀྲུའུ་རུང་ཅི། ལི་རུའེ་ཧོན། ཝུའུ་པང་གོ ཝེན་ཅ་པའོ། ཅ་ཆིང་ལིན། ཀྲང་དེ་ཅང་། ཡུས་ཀྲེང་ཧྲེན། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ལོ་ཀན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་དང་ཐན་ཅི་ཡུན། ཁྲེ་ཧའོ་ཐན། ཅང་ཁྲུན་ཡུན། ཝང་ལེ་ཆོན། ཝང་ཀྲའོ་གོ ཧུའེ་ལིའང་ཡུས། ལིའུ་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙེང་ཕའེ་ཡན། ཝང་ཀང་། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། མ་ཁའེ། ལི་ཅན་གོ ཧྥེན་ཁྲང་ལུང་། མེང་ཅན་ཀྲུའུ། ཀོ་ཅིན་ལུང་། ཝང་ཧན་པིན། ཧོ་ཡུང་། ཏུའུ་ཆིང་ལིན། ཀྲའོ་ཧུང་ཀྲུའུ། ཝང་པིང་ཆན། ཙའུ་ཅ་ཧྭ། ཕེང་ཕའེ་ཡུན། ཀྲའུ་ཀོང་ཀྲའོ། ལི་ཐེ་ཡིང་། ཧོ་ལུའུ་ལི། ཞུས་ཅ་ལུའུ། ཅང་ཀྲེང་ཧྭ། ཀུའུ་ཞིའུ་ལན། རག་སྡིས། ཧྲེང་ཧྭ་རེན། ལུའུ་ཡུང་ཞང་། ཝུའུ་ཡུན་ཆི་མུའུ་གེ ཧྭ་ཅན་མིན། ཁྲེན་ཀྲེ་ལི། ཀྲའུ་ཐེ་ནུང་། སི་མ་དབྱི་·ཐེ་ལི་ཝར་ཏི། ཅང་ཧྲུའུ་ཧྲེང་། སང་གོ་ཝའེ། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲེ། ཡན་ཅུན་ཆི། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཀྲང་པའོ་ཝེན། ཐང་ཅ་ཞོན། ལིའང་ཀོང་ལིའེ། ཏའེ་པིང་གོ ཁྲང་ཝེན་ཆོན། ཧན་ཀྲུའུ་པིན། ཅ་ཁྲུན་ཝང་། རེན་ཅན་ཤིན། སུང་ཅན། ཆན་ཀྲེང་དབྱིན། ཧུའུ་ཆི་ལི། ཝང་ཀྲུང་ཡུས། ལི་ཀུའེ་ཤན། ཀྲང་སེ་ཆིན། ཀྲང་ཁེ་ཧུའེ། ཧའོ་ཅན་ཞིའུ། ཞུས་ཁོང་ཏི། ཀྲང་ཧོའེ་ཞི། ལི་མོང་། ལིའོ་ཧུའེ། པའེ་ལི་ཁྲེན། ཁྲེན་ཁུའེ་ཡོན། ཨ་པུའུ་ལའེ་ཐི་·ཨ་པུའུ་ཏུའུ་རེ་ཞི་ཐི། ལི་ཀྲའོ་ཀྲུའོ། ཧོང་མོང་ཧྥུའུ། ཀྲང་མའེ་ཡིང་། ཀྲང་རུང་མིང་། ཆན་ཡུན་ལུའུ། སུན་ཅ་ཀྲེང་། ལི་ཅིན་ཧྭ། ཀྲེང་ཝེན་ཐུང་། ཏེང་ཕུའུ་ཧྥེང་། ལི་ཝུའུ་ཝེ། ཁྲེན་ཙུང་ཞིང་། ཝང་ཀྲེ་ཀྲེན། ཧན་ཆི་དེ། ལི་ཝེན་དབྱི། ལོ་ཧྥུའུ་ཧོ། ལི་ཧའེ་ཧྥེང་། ཁྲེན་ཡོན། ཀྲའུ་ཞའོ་ཁྲོན། ཝང་ཅ་རུའེ། ཆི་ཞུས་ཁྲུན། མ་ཕའེ་ཧྭ། ལིའུ་ཞའོ་ཧྥེང་། ཝང་ཆིན་མིན་སོགས་བློ་མཐུན་རྒན་གྲས་ལ་གཟིགས་པ་དང་། བློ་མཐུན་རྒན་གྲས་ཚོར་ལྷག་བསམ་རྣམ་པར་དག་པའི་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་ནས་བློ་མཐུན་རྒན་གྲས་ཚོ་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་། ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།

བློ་མཐུན་རྒན་གྲས་རྣམས་ཀྱིས་དེར་ཐུགས་རྗེ་ཆེ་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆེས་སྤྱིར་བཏང་མིན་པའི་ལོ་གཅིག་གི་ནང་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པ། ལོ་རྒྱུས་དེབ་ཐེར་ནང་འགོད་ཆོག་པ་བཅས་ཀྱི་མཛད་རྗེས་འཇོག་གནང་བར་ཚད་མཐོའི་གདེང་འཇོག་གནང་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ངོས་ནས་ཁོང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད། བློ་མཐུན་རྒན་གྲས་རྣམས་ཀྱིས་ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པར་བསྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སེམས་ཤུགས་བརྟན་པོས་དཀའ་ངལ་འཕྲད་བཞིན་དུ་མདུན་སྐྱོད་དང་། བློ་གཅིག་སེམས་གཅིག་གིས་འབད་འབུངས་ཡར་བརྩོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུར་རྒྱལ་ཁ་གསར་པ་ཧུར་ཐག་ལེན་རྒྱུ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་བསུ་བ་ཞུ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཞི་པའེ་ཕོ་པེ་ཀྲོང་གྲོང་ཚོའི་ཏང་ཡོན་ལ་འཕྲིན་ལན་བསྐུར་བ། ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཡི་ལས་བྱེད་མང་ཚོཊ་ཚོར་ལོ་གསར་གྱི་འཚམས་འདྲི་གནང་བ། ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་དགའ་འཛོམས་གནང་བ།