ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་པ།
ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ནས་ལོ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུ་ཡི་ཡོད། ཉེ་ཆར། འབྲེལ་ཡོད་བློ་མཐུན་གྱིས་གཏན་འབེབས་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་ཡོད། ཞི་ཅིན་ཕིང་གིས་ལས་འགན་སྒྲུབ་ཚུལ་སྙན་ཞུར་ཞིབ་པར་གཟིགས་པ་མ་ཟད་བླང་བྱ་གལ་ཆེན་བཏོན་གནང་ཡོད། ཁོང་གིས། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བའི་ལོ་ཡིན་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་འགོ་འཛུགས་པའི་ལོ་ཡང་ཡིན། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཐོག་ནས། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་མོར་གཞི་ཚུགས་པ་དང་། འཆར་གཞི་ཆེན་མོར་དམིགས་ཏེ། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ་བྱེད་པ་དང་། ཡན་ལག་དོ་དམ་ཁྱབ་ཁོངས་ཀྱི་ལས་དོན་ལ་སྔོན་དཔག་རང་བཞིན་གྱི་བསམ་གཞིགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་ཁྱབ་བཀོད་འདོམས་པ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་ལག་བསྟར་ནན་ཏན་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ཞིབ་ཕྲའི་ལག་བསྟར་ལམ་སྲོལ་གྱི་དགོངས་པ་ལག་བསྟར་ནན་པོ་བྱེད་པ་བཅས་ཀྱིས། སྣེ་ཁྲིད་ནས་སྤྱོད་གཙང་རང་གཅུན་ཐུབ་པ་བྱེད་དགོས། མི་དམངས་ཀྱིས་ལྟེ་བ་བྱེད་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། དཔེ་སྟོན་མིག་དཔེའི་ནུས་པ་འདོན་སྤེལ་དེ་བས་ཡག་པ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དེ་བས་ཡག་པའི་ངང་སྙིང་སྟོབས་ཆེར་བསྐྱེད་བྱ་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་ས་གནས་ཁག་དང་ཚན་པ་ཁག་གི་ཕྱོགས་ཁག་གི་ལས་དོན་ནང་ལག་བསྟར་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་པ་དང་། བྱ་སྤྱོད་ངོ་མ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
འབྲེལ་ཡོད་བློ་མཐུན་གྱིས་འདས་ཟིན་པའི་ལོ་གཅིག་ནང་གི་བསམ་བློ་དང་ལས་ཀའི་གནས་ཚུལ་ཐད་ཁྱོན་ཡོངས་ནས་གསེད་དཀྲོལ་དང་ཕྱོགས་སྡོམ་གནང་ཡོད་པ་དང་། རྣམ་འགྱུར་སྒམ་ནན་དང་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ལས་འགན་སྒྲུབ་ཚུལ་སྙན་ཞུ་བྲིས་ཡོད་པ་རེད། ལས་འགན་སྒྲུབ་ཚུལ་སྙན་ཞུའི་ནང་ཉམས་མྱོང་དང་མྱོང་ཚོར་ལ་ཕྱོགས་སྡོམ་གནང་བ་དང་། གནད་དོན་དང་མི་འདང་བའི་སར་དབྱེ་ཞིབ་གནང་ཡོད་ཅིང་། གནས་བབ་ཧྲིལ་པོར་གཞིགས་ཏེ་གོམ་སྟབས་རྗེས་མའི་འབད་བརྩོན་ཁ་ཕྱོགས་བཏོན་ཡོད་ཅིང་། གཙོ་བོ་གཤམ་གྱི་ནང་དོན་ཁག་སྟེ།
གཅིག་ནི། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་དགོངས་པ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་གཉིས་ཐུབ་པ་བྱ་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་གཞི་རྩའི་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲུང་སྐྱོང་གི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སྲུང་སྐྱོང་གི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་།
གཉིས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ལེན་རྒྱུར་སྣེ་ཁྲིད་དེ། སློབ་ནས་ཤེས་པ་བྱ་རྒྱུའི་ཐད་དཀའ་ལས་རྒྱག་པ་དང་དེར་འབྲས་བུ་ཐོན་པ་བྱ་རྒྱུ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་འབྲས་བུར་ཞིབ་དཔྱད་བྱ་རྒྱུ།
གསུམ་ནི། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུར་གཞིགས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་འོག ཡན་ལག་དོ་དམ་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་མངོན་གསལ་དོད་པོས་མང་དུ་འགྲོ་བའི་རྙོག་འཛིང་ཆེ་བའི་གནས་བབ་ལ་བབ་བརླིང་ངང་ཁ་གཏད་གཅོག་པ། རང་སོའི་ཡན་ལག་དོ་དམ་ཁྱབ་ཁོངས་ནང་འགན་སྒྲུབ་འགན་འཁྲི་འཁུར་བ་དང་ལས་འགན་བསྒྲུབ་རྒྱུ།
བཞི་ནི། དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པ། རང་རྟོགས་ངང་གནད་དོན་གལ་ཆེ་རིགས་དང་བྱ་དོན་གལ་ཆེ་རིགས། ལས་དོན་གལ་ཆེ་རིགས་བཅས་ཀྱི་འཕེལ་རིམ་གནས་ཚུལ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགོངས་སྐོར་སྙན་སེང་ཞུ་བ། ཡན་ལག་དོ་དམ་ཁྱབ་ཁོངས་དང་ཡན་ལག་དོ་དམ་ལས་དོན་ཁྲོད་དམངས་གཙོ་དར་སྤེལ་དང་ཡང་དག་གཅིག་བསྡུས་བྱ་རྒྱུ།
ལྔ་ནི། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ། ནན་པོ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱེད་པ། རང་ཉིད་དང་ཁྱིམ་མི། ཉེ་འགྲམ་གྱི་ལས་དོན་མི་སྣ་བཅས་ལ་བླང་བྱ་ནན་པོ་བཏོན་ནས། གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་རྟགས་རྒྱུན་འཁྱོངས་བྱ་རྒྱུ་བཅས་ཡིན་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་དེབ་དཔེ་སྐྲུན་བྱས། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་སོཌ་ནས་བློ་མཐུན་རྒན་གྲས་ལ་ལོ་གསར་གྱི་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་ཞི་པའེ་ཕོ་པེ་ཀྲོང་གྲོང་ཚོའི་ཏང་ཡོན་ལ་འཕྲིན་ལན་བསྐུར་བ།