གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

རྒྱལ་ཡོངས་མི་དམངས་འཐུས་ཚོཊ་ཀྱི་ཚང་འཛོམས་གྲོས་ཚོཊ་ཐེངས་གཉིས་པ་འཚོཊ་པ།

སྤེལ་དུས་: 2021ལོ་03ཟླ་09ཚེས་ 16:07 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༨ ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་གསན་པ་དང་གྲོས་ཞིབ་གནང་ཡོད་པ་རེད།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་ཡོད། ཁོང་གིས་སྙན་ཞུའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་དབུ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་རྒྱུ་རྒྱུན་འཁྱོངས་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། རང་འགན་གཙང་སྒྲུབ་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལས་དོན་གལ་ཆེན་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཉེན་ཁ་ཆེ་བའི་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་བཅས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་བྱ་ཆེད་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཡོད་ཅེས་གསུངས་ཡོད།

ལི་ཀྲན་ཧྲུའུ་ཡི་སྙན་ཞུའི་ནང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་དགུ་བཟོས་པ་དང་། བཅའ་ཁྲིམས་བཅུ་གསུམ་ལ་བཟོ་བཅོས་བརྒྱབ་པ། འབྲེལ་ཡོད་བཅའ་ཁྲིམས་གནད་དོན་དང་གནད་དོན་ཆེ་གྲས་ཐད་ཀྱི་གཏན་འབེབས་ཡིག་ཆ་བརྒྱད་བཏོན་པ། བཅའ་ཁྲིམས་ཀྱི་གྲོས་གཞི ༢༣ ལ་མིག་སྔར་གྲོས་ཞིབ་བྱེད་བཞིན་ཡོད་པ། སྙན་ཞུ ༣༥ ཉན་ནས་གྲོས་ཞིབ་བྱས་པ། གཏན་འབེབས ༡ དང་བཅའ་ཁྲིམས ༦ གི་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་འདྲི་རྩད་ཐེངས ༢ བྱས་པ། ཆེད་དོན་བརྟག་ཞིབ་ཁག ༦ བྱས་པ། གྲོས་ཆོད ༡ བཞག་པ། ཆིངས་ཡིག་དོན་ཚན ༧ ལ་ཆོག་མཆན་སྤྲོད་རྒྱུའམ་དེའི་ནང་ཞུགས་རྒྱུའི་གཏན་འབེབས་བྱས་པ། བསྐོ་འཐེན་གྲོས་གཞི ༣༩ ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་མི་ཐེངས ༢༥༩ བསྐོ་འཐེན་བཅས་བྱས་ཡོད་ཅེས་བསྟན་ཡོད།

སྙན་ཞུའི་ནང་། ལི་ཀྲན་ཧྲུའུ་ཡིས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་ཆེས་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་ནི། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་གཞིགས་པ་དང་། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་བཏོན་པའི་རེ་སྒུག་ལ་གཞིགས་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་བཏོན་པའི་བཅའ་ཁྲིམས་དགོས་མཁོའི་དོན་དངོས་ལ་དམ་པོར་གཞིགས་པ་བཅས་བྱས་ཏེ། ཁྲིམས་བཙུགས་དང་བཅའ་ཁྲིམས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། འབད་པ་ཆེན་པོས་ལས་དོན་ཁག་ལྟེ་བ་དང་གནས་བབ་ཆེན་པོར་དེ་བས་ཡག་པ་བསྟུན་ཏེ། རྒྱལ་ཁབ་དང་མི་དམངས་ལ་ཞབས་ཞུ་དེ་བས་ཡག་པ་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་རེད། གཅིག་ནས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་འགྱུར་ལ་སྲུང་སྐྱོང་བྱས་ཡོད། རྒྱལ་དར་བཅའ་ཁྲིམས་དང་རྒྱལ་རྟགས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་དང་། གཉིས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཆེན་པོར་གཞིགས་པ་དང་མི་དམངས་ཀྱི་རེ་འདུན་ལ་བསྟུན་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བཙུགས་ལ་ཤུགས་སྣོན་བརྒྱབ་ཡོད། སྤྱི་པའི་འཕྲོད་བསྟེན་ཐད་ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་མགྱོགས་སུ་བཏང་བ། སྤུས་མཐོའི་གོང་འཕེལ་སྐུལ་འདེད་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་གཞིགས་ཏེ་ཁྲིམས་འཛུགས་བྱས་ཡོད། གསུམ་ནས། ལྟ་སྐུལ་ཁྲོད་རྒྱབ་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་དང་ཁྲིམས་ལྟར་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་བྱས་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱར་སྐུལ་འདེད་བཏང་ནས། སྲིད་འཛིན་དབང་ཆ་དང་ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ལག་བསྟར་ཐུབ་རྒྱུར་འགན་སྲུང་བྱས་ཡོད། བཞི་ནས། འཐུས་མིའི་བྱེད་པོའི་གནས་བབ་རྒྱུན་འཁྱོངས་དང་། འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་དང་ཞབས་ཞུ་བསྒྲུབས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཞིབ་ཕྲའི་བྱ་ཐབས ༣༥ ལག་བསྟར་ནན་ཏན་བྱས་ནས། འཐུས་མིའི་ལས་དོན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ཡོད། ལྔ་ནས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་གནས་བབ་ཆེན་མོར་ཞབས་ཞུ་བསྒྲུབས་ནས། མི་དམངས་འཐུས་ཚོགས་ཀྱི་ཕྱི་དོན་ལས་ཀའི་འགན་ནུས་འདོན་སྤེལ་བྱས་ཡོད། དྲུག་ནས། འགན་སྒྲུབ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ཅེས་བསྟན་ཡོད།

ལི་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཐད་ད་དུང་ཧེ་བག་དང་མི་འདང་བའི་ཆ་ཡོད་པས། སེམས་ཆུང་ངང་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོར་ཉན་ཐོག ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ཧུར་ཐག་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་དོན་འཁྱོལ་དེ་བས་ཡག་པ་བསྒྲུབ་དགོས་ཞེས་བསྟན་ཡོད་པ་རེད།

སྙན་ཞུའི་ནང་། ལི་ཀྲན་ཧྲུའུ་ཡིས། སྤྱི་ལོ ༢༠༢༡ ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ལོ་དང་པོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཡང་ཡིན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱིའི་བླང་བྱ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡག་པོ་བྱེད་པ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ་བཅས་བྱས་ཐོག ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་འབེན་ལ་དམ་པར་གཞིགས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཇུས་འགོད་བྱེད་པ་དང་། ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། གཏན་འབེབས་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ཁྲིམས་ལྟར་ལག་ལེན་བསྟར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་འགན་ནུས་འདོན་སྤེལ་ཡག་པོ་བྱ་དགོས་པ་དེ་རེད་ཅེས་གསུངས་པ་རེད།

ལི་ཀྲན་ཧྲུའུ་ཡིས་སྙན་ཞུའི་ནང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སླད་ཕྱིན་ལོ་གཅིག་གི་ལས་འགན་གཙོ་བོ་བཀོད་སྒྲིག་གནང་བ་སྟེ། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ། རྩ་ཁྲིམས་ཀྱི་ལ་རྒྱ་དང་དབང་གྲགས་ལ་སྲུང་སྐྱོང་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱ་རྒྱུར་འགན་ལེན་བྱེད་པ། འཐུས་མིའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། འཐུས་མིའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ། མི་དམངས་འཐུས་ཚོགས་ཀྱི་ཕྱི་དོན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། བང་རིམ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་དང་རྒྱ་སྐྱེད་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། འགན་སྒྲུབ་ཀྱི་བསམ་བློ་ཆབ་སྲིད་སྒྲིག་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་ཡིན་པ་རེད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲོའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་གནང་བའི་ནང་། སྤྱི་ལོ ༢༠༢༠ ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་སྐུལ་འདེད་གཏོང་རྒྱུར་ཁྲིམས་ལྟར་ཞབས་ཞུ་སྒྲུབ་པ་བཅས་བྱས་པས། ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི ༣༩༣༤༧ བདག་སྤྲོད་བྱས་པ་དང་། གྱོད་གཞི ༣༥༧༧༣ ཞིབ་དཔྱོད་མཇུལ་སྒྲིལ་བ། ས་གནས་ཀྱི་རིམ་ཁག་མི་དམངས་ཁྲིམས་ཁང་དང་ཆེད་དོན་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁྲི ༣༠༨༠.༥ བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁྲི ༢༨༧༠.༥ ཞིབ་དཔྱད་མཇུག་སྒྲིལ་དང་ལག་བསྟར་བྱེད་མཇུག་བསྒྲིལ་ཡོད་ཅེས་བསྟན་ཡོད།

སྙན་ཞུའི་ནང་། ཀྲོའུ་ཆང་གིས་ཕྱོགས་བདུན་གྱི་ཐོག་ནས་སྤྱི་ལོ ༢༠༢༠ ལོའི་ལས་དོན་གཙོ་བོར་ཕྱོགས་སྡོམ་གནང་བ་སྟེ། གཅིག་ནི། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་། གཉིས་ནི། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་ཞུ་ཧུར་ཐག་བསྒྲུབས་པ། གསུམ་ནི། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ། བཞི་ནི། གཅིག་འཐུས་དང་སྣ་མང་རྩོད་གཞི་ཐག་གཅོད་དང་ཞུ་གཏུག་ཞབས་ཞུའི་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་པ། ལྔ་ནི། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་གང་ཐུབ་བྱས་པ། དྲུག་ནི། ལྷག་བསམ་དག་པ་དང་སྤྱོད་གཙང་། འགན་སེམས་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཁྲིམས་ཁང་གི་དཔུང་ཁག་བཏོད་པ། བདུན་ནི། རང་རྟོགས་སྒོ་ནས་ལྟ་སྐུལ་དང་ལེན་བྱས་པ་བཅས་རེད་ཅེས་འཁོད་ཡོད་པ་རེད།

ཀྲོའུ་ཆང་གིས་སྙན་ཞུའི་ནང་། སྤྱི་ལོ ༢༠༢༡ ལོ་དང་སླད་ཕྱིན་དུས་མཚམས་ཤིག་རིང་། མི་དམངས་ཁྲིམས་ཁང་གིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་བརྗོད་གཞི་གཙོ་བོར་དམ་པོར་གཞིགས་ཏེ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་བཏོད་པ་བཅས་ཀྱི་བླང་བྱ་གནད་འཕིགས་ངང་ཁོང་དུ་ཆུད་པར་བྱེད་པ་དང་། ཁོངས་གཏོགས་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་བསམ་བློ། རྨང་གཞི་བརྟན་གཏོང་གི་ཁྲིད་ཕྱོགས་བཅས་ལ་སྔར་བས་མཐོང་ཆེན་བྱེད་པ། བརྟན་ཐོག་ཡར་བརྩོན་དང་དྲང་སྲུང་གསར་སྐྲུན་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཡོངས་ལ་ཞབས་ཞུ་ཧུར་ཐག་སྒྲུབ་པ། དམངས་ཀྱི་ཆེད་ཁྲིམས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་འཛིན་དྲང་པོ་དྲང་བཞག་བྱེད་པ། ཁྲིམས་འཛིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱ་དགོས། བདེན་འཚོལ་དངོས་གཉེར་དང་། གསར་གཏོད་གསར་སྐྲུན་བྱེད་པ། འདྲི་གཅོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་ཡོད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་གནང་སྐབས། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རིགས་ཁག་གི་ཉེན་ཁ་དང་འགྲན་རྩོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཆེན་པོར་ཁ་གཏད་བཅག་ཡོད་པ་དང་། ལས་དོན་ཁག་ལ་འཕེལ་རིམ་གསར་པ་བྱུང་ཡོད། ལོ་གཅིག་གི་རིང་། རྒྱལ་ཡོངས་ཞིབ་དཔྱོད་ཚན་པས་ཁྱོན་བསྡོམས་རིགས་ཁག་གི་གྱོད་གཞི་ཁྲི ༣༠༡ བདག་སྤྲོད་བྱས་པ་དང་། དུས་མཚུངས་ལས་བརྒྱ་ཆ ༡༩.༤ ཆག་ཡོད། དེའི་ནང་རང་འགུལ་ངང་ལས་འགན་བསྒྲུབས་ནས་སྤྱི་ཕན་གཏུག་བཤེར་བྱས་པ་དང་གཏུག་བཤེར་ལྟ་སྐུལ་བྱས་པའི་གྱོད་དོན་དུས་མཚུངས་ལས་ཁག་སོ་སོར་བརྒྱ་ཆ ༡༩.༢ དང་བརྒྱ་ཆ ༩.༦ འཕར་ཡོད་ཅེས་བསྟན་ཡོད།

སྙན་ཞུའི་ནང་། ཀྲང་ཅུན་གྱིས་ཕྱོགས་ལྔའི་ཐད་ནས་སྤྱི་ལོ ༢༠༢༠ ལོའི་ལས་དོན་ལ་ཕྱིར་དྲན་གནང་ཡོད་པ་སྟེ། གཅིག་ནས་རྒྱལ་ཁབ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་། ཞིབ་དཔྱོད་འགན་སྲུང་ཐོག་ནས་ཀྲུང་གོའི་བཅོས་སྐྱོང་ལ་རོགས་འདེད་བྱས་པ་དང་། གཉིས་ནས་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་རང་འགུལ་ངང་ཞུགས་པ་དང་། ཞིབ་དཔྱོད་ཞབས་ཞུའི་ཐོག་ནས་ཁྱོན་ཡོངས་འབྱོར་འབྲིང་ལ་རམ་འདེགས་བྱས་པ། གསུམ་ནས་ཞིབ་དཔྱོད་ཆེན་པོ་བཞིའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཞིབ་དཔྱོད་ལྟ་སྐུལ་ཐོག་ནས་དྲང་བཞག་དྲང་བདེན་ལ་སྲུང་སྐྱོང་བྱས་པ། བཞི་ནས་དམངས་སེམས་ཀྱི་ཆབ་སྲིད་ཆེ་ཤོས་དེར་དམ་པོར་གཞིགས་པ་དང་། དམངས་ཀྱི་ཆེད་ཞིབ་དཔྱོད་བྱེད་པར་བརྟེན་ནས་དམངས་འཚོའི་ཕན་པ་ཆེ་རུ་བཏང་བ། ལྔ་ནས་ལྕགས་རྡུང་བར་རང་ཉིད་མཁྲེགས་པོ་དགོས་པའི་འདུ་ཤེས་བརྟན་པོ་སྲུང་བ་དང་། ཞིབ་དཔྱོད་འཛུགས་སྐྱོང་ཐོག་ནས་ཁྲིམས་ལྟར་འགན་བསྒྲུབ་བྱ་རྒྱུར་འགན་ལེན་བྱས་ཡོད་ཅེས་བསྟན་ཡོད།

ཀྲང་ཅུན་གྱིས་སྙན་ཞུའི་ནང་། སྤྱི་ལོ ༢༠༢༡ ལོར། ཞིབ་དཔྱོད་མི་སྣས་དེ་བས་རང་རྟོགས་ངང་འགན་འཁུར་ལས་སྒྲུབ་བྱེད་པ་དང་ལོ་རྒྱུས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་དགོས། བརྟན་ཐོག་ཡར་སྤེལ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་ཞུ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲིམས་སྐྱོང་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས་པ། མཐོར་འདེགས་ཧུར་ཐག་བཏང་སྟེ། རང་ངོས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་བྱེད་པའི་ཞིབ་དཔྱོད་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས་པ་བཅས་མི་དམངས་ཀྱི་བདེ་སྐྱིད་དང་། རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་བརྟན་བརླིང་བཅས་འགན་སྲུང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི ༢༩༥༣ ཡིན་པ་དང་། དངོས་སུ་ཞུགས་པའི་མི་གྲངས ༢༨༩༥ ཡོད་པ། ཞུགས་མ་ཐུབ་པའི་མི་གྲངས ༥༨ ཡོད་ཅིང་། ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

གྲོས་ཚོགས་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་གྱིས་གཙོ་སྐྱོང་གནང་ཡོད།

སྤྱི་ཚེས ༨ ཉིན་ནི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཡིན་པས། གྲོས་ཚོགས་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མིང་ཐོག་ནས། བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ་བཅས་དང་། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་བུད་མེད་ལ་དུས་ཆེན་གྱི་རྟེན་འབྲེལ་དང་བཀྲ་ཤིས་སྨོན་འདུན་ཞུས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་ཨུ་ཡོན་ལ་གཟིགས་པ། ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་སློབ་ཚུཊ་མཛད་སྒོར་གསུང་བཤད་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་པ། ཞི་ཅིན་ཕིང་གིས་ཟླ་འཚོལ་ལས་གྲྭའི་མི་སྣ་དང་མཇལ་འཕྲད་གནང་བ།