གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་ཨུ་ཡོན་ལ་གཟིགས་པ།

སྤེལ་དུས་: 2021ལོ་03ཟླ་08ཚེས་ 11:45 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་སྲིད་གྲོས་གྲོས་ཚོགས་ལ་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པར་ཕེབས་སྐབས། མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་གོང་འཕེལ་གཏོང་བའི་འཐབ་ཇུས་གནས་བབ་ཐོག་འཇོག་པ་དང་སྤུས་ལེགས་དོ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་སློབ་གསོའི་ཞབས་ཞུའི་མ་ལག་འཛུགས་དགོས་ཞེས་ནན་སྟོན་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་། སློབ་གསོའི་ལས་རིགས་ཀྱི་ཨུ་ཡོན་ལ་གཟིགས་པར་ཕེབས་ནས་ཚོ་ཆུང་མཉམ་འབྲེལ་ཚོགས་འདུར་ཞུགས་པ་མ་ཟད་བསམ་འཆར་དང་གྲོས་འགོ་ཡང་གསན་ཡོད་པ་རེད། ཁོང་གིས། མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་དེ་སྔོན་ལ་གོང་འཕེལ་གཏོང་བའི་གནས་བབ་ཐོག་འཇོག་དགོས་པ་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་རྒྱུན་འཁྱོངས་དང་། མི་དམངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་བཟོ་བའི་ནད་ཡམས་ཆེ་གྲས་དང་གནད་དོན་གཙོ་བོར་གཅིག་སྡུད་བྱེད་པ། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་མགྱོགས་པོ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་འགོག་སྲུང་དྲ་བ་བརྟན་པོ་འཛུགས་པ། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་པོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་ཀྱི་ཆེད་དུ་ཆ་ཕྱོགས་ཧྲིལ་པོ་དང་དུས་རིམ་ཧྲིལ་པོའི་བདེ་ཐང་ཞབས་ཞུ་བསྒྲུབ་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སློབ་གསོའི་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཕུལ་བྱུང་དོ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་འཛུགས་པ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ། མི་དམངས་བློ་ཡིད་འཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིགལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་སྒོ་ཀུན་ནས་གོང་འཕེལ་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

https://mediums.cnr.cn/audio2017/ondemand/wcmrelease/national/20210307/b51bfe78-cb92-49fd-85f8-223cd1f1fdf9/7c443e21-7c0a-4d8a-b9c2-456603b9a05c.jpeg

གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་སླེབས་ལ་ཉེ་བའི་མཚམས་འདིར། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་མཁན་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གཟིགས་ཞིབ་དང་གྲོས་བསྡུར་ནང་ཞུགས་ཡོད་པ་རེད།

ཚོ་ཆུང་མཉམ་འབྲེལ་ཚོགས་འདུའི་ཐོགཝུའུ་ཧའོ་དང་། ཧོང་ལུའུ་ཆི། ཝང་ཁྲེན། ཡན་ཁྲུན་ཧྭ། ཝང་ཧོན། ཧུའུ་ཡུས། ལིན་ཀྲུང་ཆིན་སོགས་ཨུ་ཡོན་བདུན་གྱིས་གཞི་རིམ་གྱི་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་རྒྱལ་ཁབ་གསོ་རིག་སློབ་གསོ་དང་ཞིབ་འཇུག་མ་ལག་གཏོད་པ། མཐོ་སློབ་སློབ་གསོའི་གྲུབ་གཞི་ལེགས་སྒྲིག་བྱེད་པ། རྨང་གཞིའི་སློབ་གསོ་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། གཞུང་བཙུགས་སྨན་ཁང་སྤུས་མཐོའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། སློབ་གསོ་བསྒྱུར་བཅོས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གཏམ་བཤད་གནང་ཡོད།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་གསན་རྗེས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། རྒྱལ་ཡོངས་སྲིད་གྲོས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་། སློབ་གསོའི་ལས་རིགས་ཀྱི་ཨུ་ཡོན་རྣམས་ལ་གཟིགས་པར་ཕེབས་པ་དང་ཚོ་ཆུང་མཉམ་འབྲེལ་ཚོགས་འདུའི་གྲོས་བསྡུར་ནང་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཁོང་གིས། ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་འདིར་ཞུགས་ཨུ་ཡོན་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

https://mediums.cnr.cn/audio2017/ondemand/wcmrelease/national/20210307/b51bfe78-cb92-49fd-85f8-223cd1f1fdf9/e1b16af3-77db-4d1d-bf93-c2aae47308cb.jpeg

ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་གོང་འཕེལ་དང་བརྟན་ལྷིང་གི་ལས་འགན། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་བཅས་ཀྱི་མདུན་དུ་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ་ཕྱར་བ་གྲུ་འདེགས་དང་། དཀའ་སྤྱད་མདུན་སྐྱོད་བྱས་པ་དང་། དཀའ་ཚེགས་ཆེ་བའི་འབད་འཐབ་བྱས་པ་བརྒྱུད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོའི་ཁྲོད་སྔོན་ལ་དཔལ་འབྱོར་དངོས་འཕར་བྱུང་བ། དབུལ་སྒྲོལ་འགག་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱ་རྒྱུར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེའི་གྲུབ་འབྲས་ཐོབ་པ། བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་ཐུབ་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་རྒྱལ་ཁའི་ངང་མཇུག་བསྡུས་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་ཁྱོན་ཡོངས་ནས་འཆར་འགོད་བྱས་པ་བཅས་བྱས་ཡོད། ཐོབ་པར་དཀའ་བའི་གྲུབ་འབྲས་དེ་དག་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་རེད་ལ། དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་དཀའ་སྤྱད་འབད་འཐབ་དང་དཔའ་མཛངས་རྟུལ་ཕོད་བྱས་པའི་འབྲས་བུ་ཡང་རེད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འགག་རྩའི་སྐབས་སུ་རྒྱ་ཆེའི་སྨན་དོན་ལས་དོན་པ་ཚོས་ཏང་དང་མི་དམངས་ཀྱི་མངག་བཅོལ་ཆུད་ཟོས་སུ་མི་བཏང་བར་ཉེན་ཁའི་ཕྱོགས་སུ་རྡོག་ཐོན་བྱས་པ་དང་འཆི་རྒྱུར་མི་སྐྲག་པར་དཀའ་སྤྱད་འབད་འཐབ་བྱས་ཞིང་རང་ཉིད་ཀྱི་ཁྲག་དྲོན་ལ་བརྟེན་ནས་ནད་དུག་འགོག་བཅོས་ཀྱི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་སྐྲུན་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་སྨན་པའི་བྱམས་སེམས་དང་གཅེས་སེམས་ལ་གསལ་འགྲེལ་བྱས་ཡོད། རྒྱ་ཆེའི་སློབ་གསོའི་ལས་དོན་པས་རིམས་ནད་འགོག་བཅོས་དང་སློབ་མཚམས་མི་བཞག་་པ་དང་སློབ་ཁྲིད་བྱེད་མཚམས་མི་བཞག་པའི་འཐབ་ཕྱོགས་གཉིས་ཀྱི་ཐོག་སློབ་མ་དུང་ཕྱུར་མང་པོའི་ལུས་ཁམས་བདེ་ཐང་ལྟ་སྲུང་བྱས་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་ཐོག་སློབ་གསོ་འདེགས་གཉེར་བྱས་པས་རིམས་ནད་འགོག་བཅོས་དང་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་ཚན་བསྐྱར་ཚུགས་བྱ་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་ནན་བཤད་གནང་ཡོད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་སྨན་བཅོས་འཕྲོད་བསྟེན་ལས་རིགས་དང་སློབ་གསོའི་ལས་རིགས་ཀྱི་ཨུ་ཡོན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་མི་སྣ་དང་སློབ་གསོའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་རྨང་གཞི་དང་། མི་རིགས་དར་རྒྱས་དང་རྒྱལ་ཁབ་འབྱོར་ཕྱུག་གི་མཚོན་རྟགས་གལ་ཆེན་ཞིག་རེད། ད་ཐེངས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལག་ལེན་གྱི་ཐོག་ནས། སྔོན་འགོག་བྱ་རྒྱུ་ནི་ཆེས་ནུས་ལྡན་གྱི་བདེ་ཐང་ཐབས་ཇུས་ཤིག་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། ཉམས་མྱོང་ཕྱོགས་བསྡོམས་དང་བསླབ་བྱ་བསྡུ་ལེན་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས། སྔར་བས་གནད་འཁེལ་དང་སྔར་བས་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་བྱེད་པར་གཞི་རྐང་ཚུགས་པ། སྔོན་འགོག་གི་འགག་སྒོ་མདུན་དུ་སྤོ་སྒྱུར་སྐུལ་འདེད་གཏོང་བ། ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་གལ་ཆེའི་ཉེན་ཁའི་དཔྱད་དཔོག་དང་། ཞིབ་འཇུག་བརྡར་གཅོད། ཐབས་ཇུས་འགོད་པའི་ལམ་སྲོལ་བཅས་འཐུས་ཚང་དུ་གཏོང་བ། སྨན་བཅོས་སྔོན་འགོག་གི་མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱེད་པ། མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་གྱི་ལམ་སྲོལ་དང་རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྔ་ཙམ་ནས་ལྟ་ཞིབ་ཚད་ལེན་བྱེད་པའི་ཉེན་ཟོན་ཉེན་བརྡའི་ནུས་པ་དང་། མགྱོགས་མྱུར་ཞིབ་དཔྱད་བྱེད་ནུས། འཕྲལ་བསྟུན་ཐག་གཅོད་ནུས་པ། ཕྱོགས་བསྡུས་སྐྱོབ་བཅོས་ནུས་པ་བཅས་ཆེ་རུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ་ནད་གཞི་ཚབས་ཆེན་འབྱུང་རྩ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་དགོས་ཞེས་བསྟན་གནང་ཡོད།

https://mediums.cnr.cn/audio2017/ondemand/wcmrelease/national/20210307/b51bfe78-cb92-49fd-85f8-223cd1f1fdf9/0cf8cba6-9670-4c75-992b-06b77af8980f.jpeg

ཞི་ཅིན་ཕིང་གིས། ད་ཐེངས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཐད་གཞུང་བཙུགས་སྨན་ཁང་གིས་ཛ་དྲག་ཤོས་དང་། ཉེན་ཁ་ཆེ་ཤོས། དཀའ་ཚེགས་ཆེ་ཤོས་བཅས་ཀྱི་སྨན་བཅོས་སྐྱོབ་བཅོས་ལས་དོན་གྱི་འགན་ཁུར་ནས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཡོད། གཞུང་བཙུགས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་སྤྱི་པའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་བ། གྲོང་གསེབ་སྨན་པའི་ཐོབ་ཐང་དོན་འཁྱོལ་བྱེད་པ། གཞི་རིམ་གྱི་ནད་གཞི་སྔོན་འགོག་དང་སྐྱོབ་བཅོས། དེ་བཞིན་བདེ་ཐང་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། རིམ་པ་དབྱེ་བའི་སྨན་བཅོས་ལམ་ལུགས་དང་། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས། དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས། སྨན་རྫས་མཁོ་སྤྲོད་འགན་སྲུང་ལམ་ལུགས། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་སོགས་འཐུས་ཚང་དུ་གཏོང་བའི་ཐད་འགག་གཏོར་ཡོང་རྒྱུར་འབད་བརྩོན་བྱ་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་དྲང་སྲུང་གསར་སྐྲུན་དང་རྒྱུན་འཛིན་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་དང་འཚམ་པའི་ཞབས་ཞུའི་མ་ལག་དང་། ཞབས་ཞུ་བྱེད་སྟངས། དོ་དམ་བྱེད་སྟངས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་བཅས་འཛུགས་སྐྱོང་བྱས་ནས། སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་དར་རྒྱས་གོང་འཕེལ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་བྱེད་པའི་ཐད་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་ཀྱིས་ཐོན་པའི་ཕན་འབྲས་ལ་ཕྱོགས་སྡོམ་དང་དཔྱད་དཔོག་བྱེད་པ་དང་། ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་ནས་ཏོག་གསར་གློ་ཚད་རིམས་ནད་སྨན་བཅོས་བྱེད་པའི་ཐད་ཀྱི་ཀྲུང་ལུགས་སྨན་རྫས་ཀྱི་ཕན་ནུས་གསལ་བཤད་བྱེད་དགོས། སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་བྱས་ཏེ་སྨན་རྫས་དང་། སྨན་བཅོས་ཡོ་བྱད། རིམས་འགོག་སྨན་ཁབ་སོགས་ཁྱབ་ཁོངས་ཀྱི་འགག་རྩའི་གནད་དོན་ཁག་ཅིག་ཐག་གཅོད་བྱེད་ཤུགས་མགྱོགས་སུ་གཏོང་དགོས། སྨན་བཅོས་འགན་བཅོལ་སྒྱུར་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ཐོག་ནས་སྨན་རྫས་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་པ། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་སྲུང་སྐྱོབ་བྱེད་པའི་མ་དངུལ་བརྟན་སྲུང་བཅས་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། རྒྱ་ཆེའི་སྨན་དོན་ལས་དོན་པ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་མཁན་ཡིན་པས། རླབས་ཆེའི་རིམས་འགོག་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རིམས་འགོག་གི་སྔོན་ཐོན་བྱས་རྗེས་དང་དུས་རབས་ཀྱི་མིག་དཔེ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཡོངས་སུ་སྨན་པར་མཐོང་ཆེན་དང་འཕྲོད་བསྟེན་ལ་སྣང་ཆེན་བྱེད་པའི་ཁོར་ཡུག་བཟང་པོ་སྐྲུན་དགོས། སྨན་དོན་ལས་དོན་པར་སྲུང་སྐྱོབ་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་དོན་མི་སྣའི་སྤྱི་ཚོགས་གནས་བབ་མཐོ་རུ་གཏོང་བ། སྨན་ཁབ་གི་བདེ་འཇགས་སྲུང་སྐྱོབ་སྟོབས་ཤུགས་དང་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་ཐད་ཀྱི་ཟིང་སློང་དང་དྲག་ཤུགས་ལ་བརྟེན་ནས་སྨན་པར་གནོད་འཚེ་བཟོ་བའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་དགོས། རྒྱ་ཆེའི་སྨན་དོན་མི་སྣས་སྨན་པའི་ཀུན་སྤྱོད་ཡག་པོ་སྲུང་བ་དང་སྨན་པའི་ལག་རྩལ་ཡག་པོ་སྦྱང་ནས། སྨན་པའི་ཀུན་བཅོས་གསོ་སྐྱོང་དང་སྨན་པའི་བྱམས་སེམས་སྐྱོང་བ། སྡུག་བསྔལ་ནས་སྐྱོབ་པའི་སེམས་པ་འཆང་བ། མང་ཚོགས་ཀྱི་སྨན་པ་བཟང་པོ་ཞིག་བཅས་བྱས་ནས་མི་དམངས་མང་ཚོགས་ལ་སྔར་བས་སྤུས་ལེགས་ནུས་མཐོའི་བདེ་ཐང་ཞབས་ཞུ་སྒྲུབ་རྒྱུར་འབད་བརྩོན་བྱ་དགོས་ཞེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཞིག་ཡིན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་མཐོ་ཚད་ཐོག་ནས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ཀྱི་ལག་ལེན་སློབ་གསོ་བཅས་ཀྱི་ལྷུ་ཚིགས་ཁག་ཚང་མའི་ནང་མཉམ་འདྲེས་ཐུབ་པ་བྱེད་པ་དང་། རྨང་གཞིའི་སློབ་གསོ་དང་ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་བཅས་ཁྱབ་ཁོངས་ཁག་ཚང་མར་ཁྱབ་པ་བྱེད་པ། རིག་ཚན་མ་ལག་དང་། སློབ་གསོའི་མ་ལགདོ་དམ་མ་ལག་བཅས་འཛུགས་སྐྱོང་བྱེད་པའི་ཕྱོགས་གང་ས་ཅི་ཐད་ནས་མངོན་པ་བྱེད་པ། རྨང་གཞི་བརྟན་གཏོང་དང་བླ་སྲོག་གཏོད་པ། བློ་སྒོ་འབྱེད་པ་དང་མི་སེམས་ལ་ཟུག་པ་བཅས་བྱ་དགོས། རང་རྒྱལ་གྱི་སྒྱུར་བཅོས་གོང་འཕེལ་གྱི་ལག་ལེན་ཁྲོད་ལྟ་བ་གསར་པ་འདོན་པ་དང་། རིགས་གཞུང་གསར་པ་འཛུགས་རྒྱུ་བཏོན་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་ཉམས་འགྱུར་ལྡན་པ། ཀྲུང་གོའི་ཉམས་ཀྱིས་ཕྱུག་པའི་རིག་ཚན་མ་ལག་དང་། རིགས་གཞུང་མ་ལགགཏམ་གླེང་མ་ལག་བཅས་འཛུགས་རྒྱུར་འབད་བརྩོན་ཧུར་ཐག་བྱ་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་རྒྱུར་གཞིགས་པ་དང་། སློབ་གསོས་སྒྱུར་བཅོས་ལ་གདེང་འཇོག་བྱ་རྒྱུས་ཁྲིད་སྟོན་བྱེད་པ། མི་སྣ་གསོ་སྐྱོང་བྱ་ཐབས་དང་། སློབ་གཉེར་བྱ་ཐབས། དོ་དམ་སྒྲིག་གཞི། འགན་སྲུང་སྒྲིག་གཞི་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱ་དགོས། སློབ་གསོའི་ཞབས་ཞུར་བརྟེན་ནས་གོང་འཕེལ་གྱི་ནུས་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་དང་འཚམ་པ་དང་ཆུ་ཚད་མཐོ་བའི་རང་སྟོབས་རང་ཆེའི་རིགས་མི་འདྲ་བའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་དགོས། མང་ཚོགས་ཁྲོད་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་དང་། སློབ་གསོའི་མིང་ཐོག་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་བྱ་སྤྱོད་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། སྒྱུར་བཅོས་གནད་ལ་འཕིགས་པོ་དང་སྒྱུར་བཅོས་མཐར་ཕྱིན་པ་མཐའ་གཅིག་ཏུ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

https://mediums.cnr.cn/audio2017/ondemand/wcmrelease/national/20210307/b51bfe78-cb92-49fd-85f8-223cd1f1fdf9/d31dae95-5819-4120-a4af-f5ccae551138.jpeg

ཞི་ཅིན་ཕིང་གིས། དགེ་རྒན་ནི་སློབ་གསོའི་ལས་དོན་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོ་ཡིན། སྤུས་ཚད་མཐོ་བའི་དགེ་རྒན་ཡོད་ཚེ་ད་གཟོད་སྤུས་ཚད་མཐོ་བའི་སློབ་གསོ་ཡོང་ཐུབ། དགེ་རྒན་བཟང་པོ་ཞིག་བྱེད་པར་སློབ་གསོར་བརྟེན་ནས་མི་སྣ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོར་དགའ་ཞེན་གྱི་བརྟན་ཤུགས་དང་མིང་གྲགས་དོན་གཉེར་མི་བྱེད་པའི་བརྟན་སྲུང་ཡོད་པ། ཕུགས་བསམ་གྱི་དད་སེམས་ཡོད་པ་དང་། ཀུན་སྤྱོད་ཀྱི་བརྩེ་བ་ལྡན་པ། ཤེས་བྱའི་རྨང་གཞི་བརྟན་པ། གཅེས་སེམས་དང་བྱམས་སེམས་ལྡན་པ་ཞིག་དགོས། རྒྱ་ཆེའི་བསམ་བློ་ཆབ་སྲིད་དང་རིགས་གཞུང་སློབ་ཁྲིད་དགེ་རྒན་རྣམ་པས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། བརྩེ་བ་ཟབ་པ། རིག་ལམ་གསར་པ་ལྡན་པ། གཟིགས་རྒྱང་ཡངས་པ། རང་གཅུན་ནན་པ། མི་གཤིས་བཟང་བ་བཅས་བྱ་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་སློབ་སྲོལ་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་འཇོག་པ་དང་། རྒྱ་ཆེའི་དགེ་རྒན་རྣམ་པས་སློབ་གསོའི་ལས་དོན་པ་རྒན་གྲས་ཀྱི་སྒེར་སེམས་མེད་པའི་བླ་མེད་སྤྱོད་བཟང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། བློ་དཀར་གྱི་བསམ་པ་དང་། ལེགས་སྐྱེས་འབུལ་བའི་བསམ་པ། གཅེས་སེམས་ཀྱི་བསམ་པ་བཅངས་ནས་སློབ་གསོའི་བྱ་གཞག་ནང་ཞུགས་དགོས། དབུས་ནུབ་རྒྱུད་དང་གོང་འཕེལ་ཞན་པའི་ས་ཁུལ་གྱི་དགེ་རྒན་ལ་དུས་བཀག་སྦྱོང་བརྡར་དང་གནད་འཕིགས་སྦྱོང་བརྡར་སྤྲོད་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་དགོས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། ཕུལ་བྱུང་ཤེས་ལྡན་མི་སྣས་ཚང་ཁ་བཤིག་བཤིག་ངང་སློབ་གསོའི་ལས་ལ་གཞོལ་བ་དང་། རྒྱ་ཆེའི་དགེ་རྒན་རྣམ་པས་རང་ཉིད་ཀྱི་འཇོན་ཐང་གང་ལེགས་ངོམས་པ། དགེ་རྒན་བཟང་པོ་ཟམ་མི་ཆད་པར་ཐོན་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་འགྲུབ་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། རང་རྒྱལ་གྱི་རྒྱ་ཆེའི་བུད་མེད་རྣམ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ནང་ཧུར་ཐག་ཞུགས་པ་དང་། བུད་མེད་གཞན་ལས་ཞན་པ་མེད་པའི་སྤོབས་སེམས་དང་འབད་བརྩོན་ཐོག་ནས་གནམ་ཕྱེད་ཀ་འདེགས་པའི་ནུས་པ་གལ་ཆེན་ཐོན་པ་བྱེད་དགོས། ལྷག་པར་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་མཐའ་མའི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་སོགས་འཐབ་ཕྱོགས་ཁག་ཚང་མའི་ཐོག་རྒྱ་ཆེའི་བུད་མེད་རྣམ་པས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་གང་ལེགས་མངོན་པ་བྱས་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་དང་རྒྱལ་ཁབ་གོང་འཕེལ་གྱི་བརྗིད་ཆེའི་འཆར་འགོད་མངོན་འགྱུར་ཡོང་བ་བྱེད་པར་བུད་མེད་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཀྱི་ཡོད། རྒྱ་ཆེའི་བུད་མེད་རྣམ་པས་རླབས་ཆེའི་བྱ་གཞག་གི་འཛུགས་སྐྲུན་པ་དང་། ཤེས་དཔལ་དང་དར་སྲོལ་དར་སྤེལ་གཏོང་མཁན། ཕུགས་བསམ་བརྩོན་ལེན་བྱེད་ཕོད་པའི་འབད་འཐབ་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས། རིམ་ཁག་བུད་མེད་མཉམ་འབྲེལ་ཚོགས་པའི་སྒྲིག་འཛུགས་ཀྱིས་རྒྱ་ཆེའི་བུད་མེད་རྣམ་པས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུར་ཁྲིད་སྟོན་བྱེད་པ་དང་། རྒྱ་ཆེའི་བུད་མེད་ཀྱི་ལོ་རྒྱུས་ཀྱི་འགན་སེམས་དང་བདག་པོའི་སྙིང་སྟོབས་འཕེལ་བ་བྱས་ནས། རང་རྒྱལ་གྱི་བུད་མེད་བྱ་གཞག་གོང་འཕེལ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བུད་མེད་ཀྱི་བྱ་གཞག་གོང་འཕེལ་དང་བུད་མེད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། མཐོང་ཆེན་དང་ཐུགས་ཁུར། རྒྱབ་སྐྱོར་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། བུད་མེད་ཀྱི་ཁེ་དབང་ལ་བཙན་གནོད་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ། བུད་མེད་ཀྱི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས་ཞེས་གསུངས་པ་རེད།

ཏིང་ཞུའེ་ཞང་དང་། ཀྲང་ཆིང་ལི། ཝན་ཀང་། ལུའུ་ཀྲན་ཀུང་། ལི་པིན་སོགས་ཚོགས་ཆུང་མཉམ་འབྲེལ་གྲོས་ཚོགས་ནང་ཞུགས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་སློབ་ཚུཊ་མཛད་སྒོར་གསུང་བཤད་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལས་འགན་སྒྲུབ་ཚུལ་སྙན་སེང་ཞུས་པ། ཞི་ཅིན་ཕིང་གིས་ཟླ་འཚོལ་ལས་གྲྭའི་མི་སྣ་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་དེབ་དཔེ་སྐྲུན་བྱས།