གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གྲྭར་རྟོག་ཞིབ་གནང་བ།

སྤེལ་དུས་: 2021ལོ་05ཟླ་14ཚེས་ 11:24 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཚེས ༡༣ ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཞི་ཁྲོན་རྫོང་དུ་ཕེབས་ནས། སྔ་རྗེས་སུ་ཐའོ་ཁྲ་ཆུ་ཡུར་དང་པོའི་འགག་གནས་ལས་གྲྭ་དང་། ཏན་ཅང་ཁོའུ་ཆུ་མཛོད། ཅིའུ་ཁྲུང་གྲོང་རྡལ་ཙོའུ་ཀྲོང་གྲོང་ཚོ་བཅས་སུ་རྟོག་ཞིབ་གནང་བ་དང་། ལྷོ་ཆུ་བྱང་འདྲེན་གྱི་དབུས་ཐིག་ལས་གྲྭ་འཛུགས་སྐྲུན་དོ་དམ་འཁོར་རྒྱུག་དང་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བར་གསན་པ་དང་། ལྷོ་ཆུ་བྱང་འདྲེན་གྱི་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱས་ཚུལ་དང་། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་ཚུལ། གནས་སྤོས་ཡུལ་མིའི་ཡོང་འབབ་འཕར་སྣོན་འགྲོ་རྒྱུར་སྐུལ་འདེད་གཏོང་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།  ཕེབས་ལམ་དུ། ཞི་ཅིན་ཕིང་གིས་རླངས་འཁོར་ལས་ཡང་སེ་བབས་གནང་སྟེ་གྲོ་ཞིང་གི་གྲོའི་སྐྱེ་ཚུལ་ལ་གཟིགས་པ་དང་། དབྱར་འབྲུའི་ཐོན་སྐྱེད་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ནན་ཡང་དུ་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་བ། ཞི་ཅིན་ཕིང་ནས་ཧོ་ནན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་གིས་རྩོམ་སྒྲིག་པུའུ་འདིའི་ལས་མིར་འཕྲིན་ལན་སྤྲིངས་པ། ཞི་ཅིན་ཕིང་ནས་དངོས་མང་སྟོན་ཚོཊ་འདིར་རྟེན་འབྲེལ་ཞུས་པ།