གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་དངོས་མང་སྟོན་ཚོཊ་འདིར་རྟེན་འབྲེལ་ཞུས་པ།

སྤེལ་དུས་: 2021ལོ་05ཟླ་07ཚེས་ 11:14 ཡོང་ཁུངས་: བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༥ པའི་ཚེས ༦ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་ཞུ་བའི་ཕྱག་ཡིག་སྤྲིངས་གནང་བ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་གཉེར་ནས་གོ་ལ་ཧྲིལ་པོའི་སྤུས་ལེགས་འཛད་སྤྱོད་ཐོན་རྫས་འགྲེམས་སྟོན་དང་ཉོ་ཚོང་བྱ་རྒྱུར་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད་ཅིང་། དེས་འཛམ་གླིང་རྒྱལ་ཁབ་ཁག་ནས་ཀྲུང་གོའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། ཀྲུང་གོས་འཛམ་གླིང་ལ་སྤུས་ལེགས་འཛད་སྤྱོད་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱ་རྒྱུར་ཡང་ཕན་ཐོགས་ཡོད། རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་ལས་རིགས་ཁག་གི་མི་སྣས་སྤེལ་རེས་གཏིང་ཟབ་གནང་བ་དང་མཉམ་ལས་ཀྱི་ཇུས་གཞི་མཉམ་འགོད་གནང་ནས། རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་ཤོས་ཀྱི་སྒོ་དབྱེའི་སྲིད་ཇུས་ཚོད་ལྟ་བྱེད་པའི་བཟང་ཆ་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་དང་། ཕྱོགས་མང་། ས་ཁོངས་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཁག་དང་མཉམ་དུ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཉིན་དེར་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་དེ་ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་དུ་གཉེར་འགོ་ཚུགས་པ་དང་། ཚོང་དོན་པུའུ་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བ་ཡིན། འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི ༨ ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས ༡༥༠༠༠ ཙམ་འགྲེམས་སྟོན་ནང་ཞུགས་ཡོད་ཅིང་། དེ་དག་རྒྱལ་ཁབ་དང་ས་ཁུལ ༧༠ ཙམ་ནས་ཡོང་བ་ཡིན་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

​ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ནན་ཉིང་དུ་རྟོག་ཞིབ་དང་བརྟག་དཔྱད་གནང་བ། ཞི་ཅིན་ཕིང་མཚོ་དམག་གི་དམག་གྲུ་རིཊ་གསུམ་གྱི་རྩིས་སྤྲོད་ལེན་བྱེད་སྒོར་ཞུཊ། ཞི་ཅིན་ཕིང་གིས་གནམ་གཤིས་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ།