གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་རྩོམ་སྒྲིག་པུའུ་འདིའི་ལས་མིར་འཕྲིན་ལན་སྤྲིངས་པ།

སྤེལ་དུས་: 2021ལོ་05ཟླ་11ཚེས་ 11:00 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༥ པའི་ཚེས ༩ ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་༼རྩོམ་རིག་དང་ལོ་རྒྱུས་རིག་པ་མཚན་ཉིད་རིག་པའི༽དུས་དེབ་ཀྱི་རྩོམ་སྒྲིག་པུའི་རྩོམ་སྒྲིག་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དུས་དེབ་ཡག་པོ་གཉེར་རྒྱུའི་ཐད་རེ་བ་ནན་པོ་བཏོན་གནང་ཡོད།

ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ༼རྩོམ་རིག་དང་ལོ་རྒྱུས་རིག་པ་མཚན་ཉིད་རིག་པའི༽དུས་དེབ་བཏོན་ནས་ལོ་ངོ་ ༧༠ སོང་རིང་། ཏང་གི་འགོ་ཁྲིད་འོག རྩོམ་སྒྲིག་པ་མི་རབས་ཁ་ཤས་ཀྱིས་དྲང་སྲུང་གསར་གཏོད་དང་གཅིག་རྒྱུད་གཅིག་འཛིན་བྱས་ཏེ། ཀྲུང་ཧྭ་ཡི་ཤེས་དཔལ་དར་སྤེལ་དང་རིག་གཞུང་ཞིབ་འཇུག་དར་སྤེལ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པས་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ངེས་ཅན་ལྡན་ཡོད། ཁྱེད་ཚོའི་འབད་བརྩོན་ལ་ཁས་ལེན་བྱེད་འོས་པ་ཞིག་རེད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་བའི་ལ་རྒྱ་དང་གདིང་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་གིས་ཀྲུང་གོར་ངོས་འཛིན་དང་ཤེས་རྟོགས་དེ་བས་ལེགས་པ་ཡོང་བ་བྱེད་པར་ཀྲུང་ཧྭ་ཡི་ཤེས་དཔལ་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལོ་རྒྱུས་དང་དོན་དངོས། རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཟུང་འབྲེལ་བྱེད་པའི་ཐོག་ནས་ཇི་ལྟར་བྱས་ཏེ་དེ་བས་ཡག་པའི་སྒོ་ནས་ཀྲུང་གོའི་འགྲོ་ལམ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ། ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་བཅས་ལ་གསལ་འགྲེལ་གཏིང་ཟབ་བྱེད་དགོས། འགངས་ཆེའི་གནད་དོན་འདིར་ལན་ཡག་པོ་འདེབས་པར་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་མི་སྣས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་དང་། དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་རིག་གཞུང་དུས་དེབ་ཀྱིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་གསར་གཏོད་ལ་སྣེ་ཁྲིད་བྱས་ཏེ་ཆུ་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་མངོན་པ་དང་། ཕུལ་བྱུང་གི་རིག་གཞུང་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྱེད་རྣམ་པས་ཡང་འབད་བསྐྱར་འབད་ཀྱིས་དུས་དེབ་དེ་བས་ཡག་པ་གཉེར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

ཧྲན་ཏུང་སློབ་ཆེན་གྱི་༼རྩོམ་རིག་དང་ལོ་རྒྱུས་རིག་པ་མཚན་ཉིད་རིག་པའི༽དུས་དེབ་འདི་སྤྱི་ལོ ༡༩༥༡ ལོའི་ཟླ་བ ༥ པར་བཏོན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བཏོན་པའི་མཐོ་རིམ་སློབ་གྲྭའི་རིག་གནས་ཚན་ཁག་གི་སློབ་གྲྭའི་དུས་དེབ་ཐོག་མ་དེ་ཡིན་ལ། རང་རྒྱལ་གྱི་མིག་སྔར་དུས་དེབ་འདོན་ཡུན་རིང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་ཚོགས་ཚན་རིག་གི་རིག་གཞུང་དུས་དེབ་ཅིག་ཀྱང་ཡིན། ཉེ་ཆར། ༼རྩོམ་རིག་དང་ལོ་རྒྱུས་རིག་པ་མཚན་ཉིད་རིག་པའི༽དུས་དེབ་འདིའི་རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། དུས་དེབ་འདི་གཉེར་ནས་ལོ་ངོ་ ༧༠ སོང་རིང་ཐོབ་པའི་གྲུབ་འབྲས་སྙན་སེང་ཞུས་པ་མ་ཟད། དུས་རབས་ཀྱི་ལས་འགན་ཕྲག་ཏུ་འཁུར་རྒྱུ་དང་། དུས་དེབ་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ། མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་བཅས་ཀྱི་ཆོད་སེམས་མཚོན་པར་བྱས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་དངོས་མང་སྟོན་ཚོཊ་འདིར་རྟེན་འབྲེལ་ཞུས་པ། ​ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་གིས་ནན་ཉིང་དུ་རྟོག་ཞིབ་དང་བརྟག་དཔྱད་གནང་བ། ཞི་ཅིན་ཕིང་མཚོ་དམག་གི་དམག་གྲུ་རིཊ་གསུམ་གྱི་རྩིས་སྤྲོད་ལེན་བྱེད་སྒོར་ཞུཊ།