སྤྱི་ཚེས ༢༠ ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་དབྱི་ཐ་ལའི་ཙུང་ལི་ཏེ་ལ་ཅེ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལེ་ཨན་གྱིས་གདན་ཞུ་གནང་བ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༥ པའི་ཚེས ༢༡ ཉིན་པེ་ཅིང་དུ་བརྙན་མཐོང་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོའི་བདེ་ཐང་དབུ་ཚོགས་ལ་ཞུགས་གནང་རྒྱུ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད། །