ཞི་ཅིན་ཕིང་གིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་བའི་ཐད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
སྤྱི་ཚེས ༨ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ཟགས་ཐོར་བྱུང་བའི་དོན་རྐྱེན་ཐད་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་ཡོད།
ཞི་ཅིན་ཕིང་གི་འཚམས་འདྲིའི་གློག་འཕྲིན་ནང་། ཁྱེད་ཚོའི་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་མཐའ་མཚམས་ཁུལ་ཁན་ཁྲ་ཅར་ཆག་སྒོ་བྱུང་ནས་གནམ་གྲུའི་ཐོག་གི་འགྲུལ་པ་དང་ལས་དོན་མི་སྣ་ཚང་མ་རྐྱེན་ལམ་དུ་ཤོར་བ་ཤེས་རྟོགས་བྱུང་། ང་རང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད། །