གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཕྱི་ཁོངས་གཞོན་ནུའི་འཐུས་མིར་འཕྲིན་ལན་སྤྲིངས་པ།

སྤེལ་དུས་: 2021ལོ་08ཟླ་12ཚེས་ 11:10 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་༼རྒྱལ་སྤྱིའི་གཞོན་ནུའི་གཙོ་འཛིན་གླེང་མོལ་༽རྣམ་གྲངས་ཀྱི་ཕྱི་ཁོངས་གཞོན་ནུའི་འཐུས་མིར་འཕྲིན་ལན་སྤྲིངས་གནང་བ།

སྤྱི་ཟླ ༨ པའི་ཚེས ༡༠ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་༼རྒྱལ་སྤྱིའི་གཞོན་ནུའི་གཙོ་འཛིན་གླེང་མོལ་༽རྣམ་གྲངས་ཀྱི་ཕྱི་ཁོངས་གཞོན་ནུའི་འཐུས་མིར་འཕྲིན་ལན་སྤྲིངས་ཏེ། ཁོང་ཚོས་ཀྲུང་གོའི་ས་ཆ་ཁག་ཏུ་འཚམས་འདྲི་བསྐྱོད་དེ་ཀྲུང་གོར་རྒྱུས་ལོན་གཏིང་ཟབ་བྱས་པར་བསྔགས་བརྗོད་གནང་བ་དང་། ཁོང་ཚོས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་གནང་ཡོད།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོ་ཚང་མ་ཀྲུང་གོར་སློབ་སྦྱོང་དང་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བཞིན་ཡོད། ད་ཐེངས་ཀྲུང་གོའི་ས་ཆ་ཁག་ཏུ་འཚམས་འདྲིར་བསྐྱོད་པ་བརྒྱུད་ཀྲུང་གོར་ཤེས་རྟོགས་དང་རྒྱུན་ལོན་གཏིང་ཟབ་བྱུང་ཡོད་ཤས་རེད། དེའི་དོན་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཁྱེད་ཚོས་འཕྲིན་ཡིག་ནང་དུ་བྲིས་པ་ལྟར། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ཀྲུང་ཧྭའི་ས་གཞི་ཆེ་མོའི་སྟེང་འབྱོར་ཕྱུག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་། སྣེ་མང་ཕུན་སུམ་ཚོགས་པའི་རིག་གནས་གཏོད་པ། རེ་བ་ཆེན་པོ་བཅངས་བའི་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་ཡོད། བདེ་སྐྱིད་དགོས་ན་འབད་འཐབ་བྱེད་དགོས། ཀྲུང་གོའི་མངའ་ཁོངས་ས་རྒྱ་ཧ་ཅང་ཆེ་བ་དང་མི་འབོར་མང་བས། གོང་འཕེལ་དར་རྒྱས་ཡོང་དགོས་ན། རྒྱལ་ཚུལ་ལ་གཞི་ཚུགས་ཤིང་རང་ཉིད་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་དེ་ཆེས་གལ་འགངས་ཆེ་བ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འགྲོ་ལམ་གསར་པ་ཇེ་ཡངས་ནས་ཇེ་ཡངས་སུ་འགྱུར་བཞིན་ཡོད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རང་ངོས་གོང་འཕེལ་དང་འཛམ་གླིང་ལ་ཕན་བདེ་བསྐྲུན་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ལང་ཚོ་ནི་ནམ་ཡང་ཕུགས་བསམ་དང་འགྲོགས་ནས་གནས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་ལམ་བུ་བརྒྱུད་ཟིན་མོད། འོན་ཀྱང་ང་ཚོའི་ཐོག་མའི་བསམ་འདུན་དང་ཕུགས་བསམ་ནི་ཇེ་བརྟན་དུ་འགྲོ་བཞིན་ཡོད། ལོ་ངོ་བརྒྱ་ནི་ཟིལ་རླབས་དགུང་དུ་འཕྱུར་བའི་དུས་དང་འཁེལ་ཡོད། རྒྱང་སྐྱོད་གསར་པའི་ལམ་བུའི་ཐོག ང་ཚོས་མུ་མཐུད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་ལམ་བུའི་ཐོག་འབད་འཐབ་ལྷོད་མེད་བྱེད་པ་དང་། མིའི་རིགས་ཀྱི་གོང་འཕེལ་ཡར་ཐོན་ཆེད་འབད་འཐབ་ལྷོད་མེད་བྱེད་སྲིད། ང་ཚོས་རྒྱལ་སྤྱིའི་གཞོན་ནུ་དེ་བས་མང་བ་ཀྲུང་གོར་སྤེལ་རེས་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀྲུང་ཕྱིའི་གཞོན་ནུས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱུས་ལོན་ཇེ་ཟབ་དང་། མཛའ་གྲོགས་ཇེ་བརྟན། ཐུན་མོང་འཚར་ལོངས་བཅས་ཡོང་བ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་པའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།

༼རྒྱལ་སྤྱིའི་གཞོན་ནུའི་གཙོ་འཛིན་གླེང་མོལ་༽རྣམ་གྲངས་ནི་ཀྲུང་གོ་ཕྱོགས་ཀྱི་རིག་མཛོད་ལས་ཁུངས་ཀྱིས་སྤེལ་བའི་ཀྲུང་ཕྱིའི་གཞོན་ནུའི་སྤེལ་རེས་སྒྲིག་གཞི་ཞིག་རེད། ཉེ་དུས། རྒྱལ་ཁབ ༢༨ ནས་ཡོང་བའི་རྣམ་གྲངས་ཀྱི་རྒྱལ་ཁོངས་ཕྱིའི་གཞོན་ནུའི་འཐུས་མི ༣༦ གིས་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཁོང་ཚོས་ཀྲུང་གོའི་ས་གནས་ཁག་ཏུ་འཚམས་འདྲིར་སོང་བའི་མྱོང་ཚོར་གླེང་བ་དང་། ཀ་གདུང་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས་ཀྲུང་ཕྱིའི་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་འདོད་ཡོད་ཅེས་བསྟན་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་བོད་ལྗོངས་ལྷ་སར་གཟིགས་ཞིབ་གནང་བ། ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་ནས་སྒོ་དབྱེ་བ་ལས་རྒྱག་མི་རུང་ཞེས་བསྟན་གནང་འདུག ཞི་ཅིན་ཕིང་ནས་ཕུའུ་ཅིང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།