གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་དབྱང་སྐུ་ཚབ་ཚོཊ་པ་བོད་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ།

སྤེལ་དུས་: 2021ལོ་08ཟླ་23ཚེས་ 11:17 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་པ་དང་། བོད་ལྗོངས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། བོད་ཀྱི་ས་གནས་ཁག་གི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཀྱི་གནས་ཚུལ་ཐད་རྟོག་ཞིབ་གནང་བ་བཅས་གྲུབ་རྗེས། སྤྱི་ཚེས ༢༡ ཉིན་བོད་ནས་ཞལ་གྱེས་ཏེ་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།

སྤྱི་ཚེས ༢༡ ཉིན་གྱི་སྔ་དྲོ། ཝང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་གི་སྣེ་ཁྲིད་དེ་བོད་ལྗོངས་ལག་རྩལ་སློབ་གླིང་དུ་ཕེབས་པ་རེད། ཝང་དབྱང་སྐམ་འཛིན་ལས་རིགས་ཀྱི་དོན་དངོས་སྦྱོང་བརྡར་ཁང་དང་རླངས་འཁོར་དོན་དངོས་སྦྱོང་བརྡར་ཁང་སོགས་སུ་ཕེབས་ཏེ་སློབ་གླིང་གི་དོན་དངོས་སྦྱོང་བརྡར་གྱི་སློབ་ཁྲིད་གནས་ཚུལ་ཐད་རྟོག་ཞིབ་གནང་བ་དང་། སློབ་མའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཁར། ཚང་མར་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་ལག་རྩལ་གཅིག་ཁོང་དུ་ཆུད་པ་བྱས་ནས་བྱས་རྗེས་འཇོག་པ་དང་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་ཞེས་སྐུལ་མ་གནང་བ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པད་མ་འཕྲིན་ལས་ཀྱིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་གཞིས་རྩེའི་ཡན་ལག་ཚོགས་པའི་སྣེ་ཁྲིད་ནས་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ཇག་གྲོང་གསར་དུ་ཕེབས་ཏེ་གནས་སྤོས་དབུལ་སྐྱོར་དང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་མ་ཟད། གྲོང་མི་ཚེ་ཕུན་གྱི་ཁྱིམ་དུ་ཕེབས་ནས་འཚམས་འདྲི་གནང་བ་རེད།

ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ནས་ཞལ་གྱེས་དུས་བོད་རང་སྐྱོང་ལྗོངས་ཀྱིས་ཕེབས་སྐྱེལ་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཀྲུང་དབྱང་སྐུ་ཚབ་ཚོཌ་པས་བོད་ཀྱི་མི་དམངས་ལ་དྲན་རྟེན་འདི་དག་གནང་བ། རྒྱལ་ས་པེ་ཅིང་ནས་འབྱོར་མ་ཐག་པའི་རྟེན་འབྲེལ་ཏར་འཕྲིན། ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ལྗོངས་སུ་ཕེབས་པ། ཞི་ཅིན་ཕིང་ནས་ཕྱི་ཁོངས་གཞོན་ནུའི་འཐུས་མིར་འཕྲིན་ལན་སྤྲིངས་པ།