སྤྱི་ཚེས ༢༣ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞིང་ཆེན་སའེ་ཧན་པ་འཕྲུལ་ཆས་ནགས་ར་ཡུའེ་ལེང་ཧྲན་དུ་ཕེབས་ནས། རང་བྱུང་མཛེས་ལྗོངས་ལ་གཟིགས་པ་དང་། ཧོ་པེས་རི་ཆུ་ནགས་ཞིང་རྩྭ་མཚེའུ་བྱེ་མ་བཅས་ཀྱི་བཅོས་སྐྱོང་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་བ་དང་། ནགས་རའི་དོ་དམ་སྲུང་སྐྱོབ་ལས་དོན་སྒྲུབ་ཚུལ་སྙན་སེང་ཞུས་པར་གསན་པ། ནགས་སྲུང་མི་སྣར་གཟིགས་པ་བཅས་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་ཧྲང་ཧའེ་དྲན་གསོའི་ནགས་རར་ཕེབས་ནས་ལྕང་མའི་སྐྱེ་ཚུལ་ལ་གཟིགས་ཤིང་། ནགས་རས་སད་ཧན་པ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། །