སྤྱི་ཟླ ༩ ཚེས ༡༥ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧྲའན་ཤིས་སུ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེངས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་རྟེན་གཞིའི་ལས་དོན་སྙན་སྒྲོན་གསན་རྗེས་གསུང་བཤད་གལ་ཆེན་གནང་བ།
སྤྱི་ཚེས ༡༥ ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ལ་གཟིགས་ཞིབ་དང་བརྟག་ཞིབ་གནང་ནས།ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་རྟེན་གཞིའི་དཔོན་དམག་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར། དམག་གྲབས་དམག་རྒྱག་ལ་དམིགས་པ། གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་བ།འགན་འཁྲི་དང་ལས་འགན་སྒྲུབ་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ནས།འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེན་རྒྱལ་ཁབ་ཅིག་བསྐྲུན་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ལན་གྲངས་མང་དུ་སོང་བ་དང་བླང་བྱ་མཐོ་རུ་སོང་བའི་དོན་དངོས་དང་འཚམ་པར་བྱས་ནས།སྒྲིག་འཛུགས་བྱེད་སྟངས་ལེགས་སུ་གཏོང་བ་དང་ཚད་ལེན་ཚོད་འཛིན་ལག་རྩལ་དང་བྱེད་ཐབས་གསར་གཏོད་བྱས་ཏེ་ཚད་ལེན་ཚོད་འཛིན་གནད་ལ་འཁེལ་བ་དང་། བློས་འགེལ་ཆོག་པ། ཐུགས་གྲ་ལེགས་འགྲིག་བཅས་ཡོང་བའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་བར་སྣང་མ་ལག་འཁོར་རྒྱུག་གི་དོ་དམ་ལག་ལེན་ལ་སྤྱི་འདོམས་བྱས་ཏེ་དོ་དམ་དང་བཀོལ་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།
སྤྱི་ཟླ་ ༩ ཚེས ༡༥ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧྲའན་ཤིས་སུ་བཅའ་སྡོད་དཔུང་སྡེའི་རྟེན་གཞི་ཞིག་ཏུ་གཟིགས་ཞིབ་དང་བརྟག་ཞིབ་གནང་བར་ཕེངས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ།
ཞི་ཅིན་ཕིང་གིས་བསྟན་དོན། བར་སྣང་ཁམས་ཀྱི་རྒྱུ་ནོར་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་རྒྱུ་ནོར་ཡིན་པས། དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས་ལ། སྲུང་སྐྱོང་དེ་བས་ཀྱང་ཡག་པོ་བྱེད་དགོས། འགོག་སྲུང་སྟོབས་ཤུགས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཉེན་གཡོལ་གྲབས་ཉར་དང་།གཏོར་འགོག་འཚོ་གནས། ཆ་འཕྲིན་འགོག་སྲུང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བར་སྣང་ཁམས་ཀྱི་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བར་སྣང་ཁམས་ཀྱི་མ་ལག་བརྟན་པོ་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་དགོས། བར་སྣང་ཁམས་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་བྱས་ནས་བར་སྣང་གི་ཉེན་ཁ་དོ་དམ་ཚོད་འཛིན་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་དགོས།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོཊ་ཀྱི་འགོ་ཚུཊ་མཛད་སྒོར་ཞུགས་པ། ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་དུ་བརྟག་ཞིབ་གནང་འདུག ཞི་ཅིན་ཕིང་གི་བཀའ་མངག་བློར་ངེས་ཏེ་ལུས་པོའི་བྱང་ཚད་མཐོ་རུ་གཏོང་། ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་གྲོས་མོལ་ཐེངས་བཅུ་གསུམ་པའི་ཐོག་གལ་ཆེའི་གསུང་བཤད་གནང་བ།