ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་སྤྱི་ལོ ༢༠༢༡ ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཤིས་ཚིག་བསྒྲོན་རྒྱུ།
སྤྱི་ཚེས ༢༤ ཉིན་གྱི་དགོང་མོ། སྤྱི་ལོ ༢༠༢༡ ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དེ་པེ་ཅིང་དུ་གཉེར་རྒྱུ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་འགོ་ཚུགས་མཛད་སྒོར་ཤིས་ཚིག་བསྒྲོན་རྒྱུ་རེད། སྐབས་དེ་དུས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཁོངས་གཏོགས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་དང་། གསར་འགྱུར་འཕྲིན་ལམ། རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ། ནོར་དཔལ་འཕྲིན་ལམ། ༤Kཆེས་དྭངས་གསལ་འཕྲིན་ལམ་བཅས་དང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱི་སྐད་འཕྲིན་ལམ་ཁག ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོ། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་གོ་ལའི་ཆ་འཕྲིན་རླུང་འཕྲིན་སོགས་ཀྱིས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དྲ་བ་དང་། དབྱང་བརྙན་མཐོང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དྲ་བ་སོགས་ཀྲུང་དབྱང་གི་གཙོ་གནད་སྨྱན་སྦྱོར་གསར་པའི་སྟེགས་བུས་དུས་མཉམ་དུ་བརྒྱུད་གཏོང་བྱ་རྒྱུ་ཡིན་པ་རེད།།