གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་སོ་ནམ་པ་དང་ཞིང་ལས་ལས་དོན་པར་བཀྲ་ཤིས་བདེ་ལེགས་ཞུས་པ།

སྤེལ་དུས་: 2021ལོ་09ཟླ་23ཚེས་ 12:36 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་བཞི་པ་སླེབས་ལ་ཉེ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སོ་ནམ་པ་དང་ཞིང་གསུམ་འཐབ་ཕྱོགས་སུ་ཕྱག་ལས་གནང་བཞིན་པའི་བློ་མཐུན་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་འདི་ཤར་ཚུན། ང་ཚོས་ཏོག་གསར་གློ་ཚད་རིམས་ནད་དང་ཆུ་ལོག་དང་ཞོད་སྐྱོན་གྱི་རང་བྱུང་གནོད་འཚེ་སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་ཅིང་། འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་དགའ་འོས་པའི་ལོ་ལེགས་བྱུང་ཡོད་པ་དང་། གྲོང་གསེབ་ཞི་མཐུན་བརྟན་ལྷིང་དང་ཞིང་པ་བདེ་སྐྱིད་ཁམས་བཟང་བྱུང་ཡོད། དེས་རྣམ་པ་གསར་པ་གཏོད་རྒྱུ་དང་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ། གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་བ་བྱ་རྒྱུ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། མི་རིགས་བསྐྱར་དར་ཡོང་དགོས་ན་ངེས་པར་དུ་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་དགོས། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་གསར་པར་སླེབས་ཡོད་པས། ཞིང་གསུམ་ལས་ཀའི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱི་ཐོག་ནས་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཕྱོགས་སུ་ཁ་ལོ་བསྒྱུར་ཡོད།

རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཞིང་གསུམ་ལས་དོན་སྐོར་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཇུས་ཐག་བཀོད་སྒྲིག་ལག་ལེན་བསྟར་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་མགྱོགས་སུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་སོ་ནམ་པའི་འཚོ་བ་ཉིན་རེ་ནས་ཉིན་རེ་བཞིན་ཡག་ཏུ་འགྲོ་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་བཤེར་རྩོད་འདིའི་ནང་ཞུཊ་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་ནས་དཔུང་སྡེའི་རྟེན་གཞི་འདིར་བླང་བྱ་ནན་པོ་བཏོན་པ། ཞི་ཅིན་ཕིང་གིས་ཧྲའན་ཤིས་ཀྱི་དཔུང་སྡེ་ཞིག་ལ་གཟིགས་ཞིབ་གནང་བ། ཞི་ཅིན་ཕིང་རྒྱལ་ཡོངས་ལུས་རྩལ་འགྲན་ཚོཊ་ཀྱི་འགོ་ཚུཊ་མཛད་སྒོར་ཞུགས་པ།