གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་རྒན་རྒོན་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ།

སྤེལ་དུས་: 2021ལོ་10ཟླ་14ཚེས་ 12:41 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་དགུ་པའི་ཚེས་དགུའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་རྒྱལ་ཡོངས་ཀྱི་རྒན་རྒོན་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་འདུག

ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་སྟེ་དགུ་པའི་ཚེས་དགུའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་རྒན་རྒོན་ལས་དོན་ཐད་གལ་ཆེའི་མཛུབ་སྟོན་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒན་རྒོན་རྣམས་བདེ་ཐང་ཚེ་རིང་དང་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ནས་རྒན་རྒོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད་རྒན་རྒོན་ལས་དོན་ཏན་ཏིག་དང་ཡག་པོ་བསྒྲུབ་པ་དང་། མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། དགེ་མཚན་ལྡན་པའི་རྒན་རྒོན་ལྟ་བ་དང་བདེ་ཐང་རྒན་རྒོན་ཅན་ལ་འགྱུར་བའི་འདུ་ཤེས་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་པ། ལམ་ལུགས་གསར་འཛུགས་དང་སྲིད་ཇུས་འདོན་སྤྲོད། ནོར་སྲིད་ཐད་ནས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཤུགས་སྣོན་བརྒྱབ་སྟེ། རྒན་རྒོན་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་སྟོབས་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་དང་རྒན་གསོའི་ཞབས་ཞུའི་མ་ལག བདེ་ཐང་འདེགས་སྐྱོར་མ་ལག་བཅས་འཛུགས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས།སྤུན་ཉེ་དང་རྒན་རྒོན་ལ་གུས་བཀུར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་རྒན་རྒོན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཡག་པོ་བྱེད་པ།རྒན་རྒོན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་བཅས་ཀྱིས་རྒན་རྒོན་རྣམས་ནས་སྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་དང་བདེ་ཞིང་སྐྱིད་པའི་ཚེ་མཇུག་ཡག་པོ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཚོཊ་ཆེན་འདིའི་ཐོག་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ། ཞི་ཅིན་ཕིང་ནས་མཛད་སྒོ་འདིའི་ཐོག་གསུང་བཤད་གལ་ཆེན་གནང་འདུག ཞི་ཅིན་ཕིང་ཚོགས་ཆེན་འདི་ལ་ཞུགས་རྒྱུ་རེད་འདུག ཞི་ཅིན་ཕིང་ནས་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོཊ་ཐོག་གལ་ཆེའི་གསུང་བཤད་གནང་བ།