གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

བློ་མཐུན་ཞི་ཅིན་ཕིང་གི་༼མི་དམངས་ཀྱིས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར་གླེང་བ་༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།

སྤེལ་དུས་: 2021ལོ་11ཟླ་08ཚེས་ 11:34 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

བློ་མཐུན་ཞི་ཅིན་ཕིང་གི་༼མི་དམངས་ཀྱིས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར་གླེང་བ་༽ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་༼མི་དམངས་ཀྱིས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར་གླེང་བ་༽ཞེས་པའི་དེབ་འདི་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།

ཆེད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་དེའི་ནང་མི་དམངས་ཀྱིས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན ༥༠ བསྡུས་ཡོད་ཅིང་། དེའི་ནང་གི་རྩོམ་ཡིག་ཁག་ཅིག་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།

རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་ཅིང་། བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་གཙོ་ཤུགས་གནས་བབ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་ཧུར་ཐག་གཏོང་བ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདགཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་གཅིག་གྱུར་དམ་ཚགས་བྱེད་པའི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ཏང་གི་འགོ་ཁྲིད་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཟམ་མི་ཆད་པར་གོང་འཕེལ་གཏོང་བ། ཏང་ནང་གི་དམངས་གཙོ་སྔར་བས་ཁྱབ་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་སྤེལ་བ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་བ། མི་རིགས་ཆོས་ལུགས་ལས་དོན་གསར་གཏོད་དང་སྐུལ་འདེད་གཏོང་བ་བཅས་ཀྱིས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། མི་དམངས་རང་ཁྱིམ་རང་བདག་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་གོང་འཕེལ་གྱི་ལམ་བུ་རྒྱུན་འཁྱོངས་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་འཕེལ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་གསར་པ་ཐོབ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་མཛད་སྒོ་འདིའི་ཐོག་ནན་སྟོན་འདི་ལྟར་གནང་། ཞི་ཅིན་ཕིང་གིས་དབུ་ཚོགས་འདིའི་ཐོག་ཡིག་ཐོག་ཤིས་ཚིག་གསུངས། ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོཊ་པའི་འགོ་ཁྲིད་པའི་དབུ་ཚོཊ་ལ་ཞུཊ་པ། ཞི་ཅིན་ཕིང་གིས་འགྲེམས་སྟོན་འདིའི་ཐོག་འདི་ལྟར་གསུངས།