གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་རྒྱལ་སྤྱིའི་གླེང་སྟེཊ་འདི་ལ་ཤིས་ཚིག་སྒྲོན་གནང་འདུག

སྤེལ་དུས་: 2021ལོ་12ཟླ་06ཚེས་ 15:52 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་སྤྱི་ལོ ༢༠༢༡ ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཤིས་ཚིག་སྒྲོན་པ།

སྤྱི་ཟླ ༡༢ པའི་ཚེས ༥ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་སྤྱི་ལོ ༢༠༢༡ ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་སྒྲོན་གནང་བ་རེད།

ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ནས་མིའི་རིགས་ཀྱིས་མཐོང་དཀོན་པའི་ཉམས་ཉེན་སྣ་ཚོགས་བརྒྱུད་བཞིན་ཡོད། འཛམ་གླིང་ཧྲིལ་པོ་ཅན་གྱི་གནད་དོན་དང་འགྲན་སློང་གཅིག་རྗེས་གཉིས་མཐུད་ངང་ཐོན་པའི་མདུན་དུ། ང་ཚོས་སྒོ་དབྱེ་ཁོང་ཡངས་དང་གྲོས་མོལ་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

དེ་ཡང་། ང་ཚོས་ཕྱར་བ་གྲུ་འདེགས་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས། ཕྱོགས་མང་རིང་ལུགས་ཀྱི་དོན་སྙིང་ནི་རྒྱལ་སྤྱིའི་ཐོག་གི་དོན་དག་ཡོད་ཚད་ཚང་མས་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་བསྒྲུབ་རྒྱུ་དང་། འཛམ་གླིང་གི་མདུན་ལམ་དང་ལས་དབང་ནི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་སྟངས་འཛིན་བྱ་རྒྱུ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་གྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། ཞི་བདེ་དང་། གོང་འཕེལ། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས།

ང་ཚོས་དུས་བསྟུན་གོང་འཕེལ་གྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། འཛམ་གླིང་གི་གནས་སྟངས་ལ་འགྱུར་ལྡོག་འགྲོ་བར་གཞི་ཚུགས་ནས། རྒྱ་ཁྱབ་ངང་གྲོས་མོལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུས་པའི་རྨང་གཞིའི་ཐོག གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་དང་། རྒྱལ་སྤྱིའི་བྱ་དོན་ཁྲོད་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་གླེང་དབང་ཆ་ཆེ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།

ང་ཚོས་བྱ་སྤྱོད་ཐོག་གཅིག་བསྡུས་ཀྱིས་གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་གྲོས་རིམ་དོན་འཁྱོལ་ཡག་པོ་བྱེད་དགོས། ངས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་བཏོན་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུ་ཡིན་པས་ཕྱོགས་ཁག་ནས་ཐེ་ཞུགས་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད། གོང་འཕེལ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཐོག དབུལ་པོ་ཉུང་གཏོང་དང་། རིམས་ནད་སྔོན་འགོག གོང་འཕེལ་གྱི་མ་དངུལ་གྲབས་གསོག སྦགས་མེད་རྣམ་པ་བརྗེ་སྒྱུར། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་གོང་འཕེལ་དེ་དོ་སྙོམས་དང་། མཐུན་སྦྱོར། ཁོང་ཡངས་བཅས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ནི་སེམས་ལ་གནམ་འོག་འཛིན་རྒྱུ་རྒྱུན་འཁྱོངས་དང་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་སྔ་ཕྱི་བར་གསུམ་དུ་དོ་ཁུར་བྱ་རྒྱུ་དེ་རེད། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་བ་འགྲོ་མི་སྲིད་པ་དང་། ཕྱོགས་མང་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱེད་པ། མཉམ་ལས་གོང་འཕེལ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། མིའི་རིགས་ཀྱི་ཤེས་དཔལ་དང་ཡར་ཐོན་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ལས་དོན་གྲོས་ཚོགས་འདིའི་ཐོག་འདི་ལྟར་གསུངས། ཞི་ཅིན་ཕིང་ནས་དམག་ཡོངས་ཀྱི་རྒྱབ་ཕྱོཊ་མཁོ་སྒྲུབ་ཐད་ནན་སྟོན་གནང་བ། ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་བརྙན་ལམ་ནས་མཇལ་འཕྲད་ཐོག་མ་གནང་བ། སྐབས་༡༩པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།