གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་དཔལ་འབྱོར་དམིགས་བསལ་ཁུལ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

སྤེལ་དུས་: 2021ལོ་12ཟླ་22ཚེས་ 15:59 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཤ་མོན་དཔལ་འབྱོར་དམིགས་བསལ་ཁུལ་བསྐྲུན་ནས་ལོ་ངོ་ ༤༠ འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། རྒྱ་ཆེའི་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་མཁན་རྣམས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་དག་པའི་སྨོན་འདུན་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་ ༤༠ སོང་ཚུན། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཤ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱིས་སྒོ་འབྱེད་གསར་གཏོད་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པས། བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་བའི་ཁྲོད་དམིགས་བསལ་གྱི་ནུས་པ་ཐོན་ཡོད། དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དམིགས་བསལ་ཁུལ་གསར་འཛུགས་དར་སྤེལ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དེ་རྦད་དེ་ཡང་དག་པ་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཁྱེད་རྣམ་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་སྐྱོད་རྒྱུ་མཐའ་འཁྱོངས་བྱས་ཐོག གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་རྐང་ཚུགས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། གོང་འཕེལ་གྱི་གནས་བབ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ་བྱེད་པ། དཔའ་ངར་ཆེན་པོས་སྣེ་ཁྲིད་དང་མདུན་སྐྱོད་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མཚོ་འགག་གཡས་གཡོན་མཉམ་འདྲེས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་སྣེ་ཁྲིད་ཧུར་ཐག་བྱེད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

ཤ་མོན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་ ༤༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་སྤྱི་ཚེས ༢༡ ཉིན་ཧྥུའུ་ཅན་ཞིང་ཆེན་ཤ་མོན་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས། དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་པ་དང་དར་རྒྱས་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གསར་གཏོད་རླབས་ཆེན་ཞིག་རེད། ལོ་ངོ་ ༤༠ ཡི་རིང་། ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག རྒྱ་ཆེའི་ཤ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཛུགས་སྐྲུན་པ་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་ཆུད་ཟོས་སུ་མ་བཏང་བས། ཤ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། ཤ་མོན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ལེགས་གྲུབ་ལྡན་པའི་ལག་ལེན་ནི་རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་རླབས་ཆེན་ཐོབ་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་བཏོད་ཡོད་ཅིང་། དེའི་ཐོག་ནས་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འོད་སྟོང་འཕྲོ་བའི་མདུན་ལྗོངས་མངོན་ཡོད་ཅེས་གསུངས་ཡོད།

ཝང་ཆི་ཧྲན་གྱིས། ང་ཚོས་གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་རྐང་ཚུགས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་བབ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་སྐྱེད་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་སྐོར་གྱི་ངོས་འཛིན་དོན་ཚན་བཅུ་ཕྱོགས་བསྡོམས་གཏིང་ཟབ་གནང་བ་དེས་དུས་རབས་གསར་པའི་ཤ་མོན་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པས། ངེས་པར་དུ་དེར་གོ་བ་གཏིང་ཟབ་ལེན་པ་དང་ཡུན་རིང་མཐའ་འཁྱོངས་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་གཏོང་དགོས། ཤ་མོན་གྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུའི་ཐད་སླར་ཡང་གནས་བབ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ལེའུ་གསར་པ་རྩོམ་པ། མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་ངང་གོང་འཕེལ་གཏོང་བའི་ཐད་སླར་ཡང་བྱས་རྗེས་གསར་པ་འཇོག་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་ཐད་གྲུབ་འབྲས་གསར་པ་གཏོད་པ་བཅས་བྱ་རྒྱུའི་རེ་བ་ཡོད། བློ་བརྟན་འགྱུར་མེད་ངང་ཏང་གིས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཝང་ཆི་ཧྲན་ནས་ཤ་མོན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། བྱང་ཚད་མཐོ་བ་དང་རྣམ་པ་ལེགས་པའི་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་སྔར་བས་ཡག་པ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུའི་ཐུགས་རེ་གནང་ཡོད།

ཚོགས་ཆེན་ཐོག ཧྥུའུ་ཅན་ཞིང་ཆེན་དང་ཤ་མོན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་ཤ་མོན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་ ༤༠ སོང་རིང་གི་ཕུལ་བྱུང་འཛུགས་སྐྲུན་པའི་འཐུས་མིས་གཏམ་བཤད་གནང་བ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཐད་ནན་སྟོན་གནང་དོན། ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་ཐད་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་བརྙན་ལམ་བརྒྱུད་མཇལ་འཕྲད་གནང་རྒྱུ། ཞི་ཅིན་ཕིང་གིས༢༠༢༡·ལྷོ་ལྷོའི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེཌ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།