སྤྱི་ཟླ ༡༢ ཚེས ༨ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས ༢༠༢༡ ·ལྷོ་ལྷོའི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། འགྲོ་བ་མིའི་ཐོབ་ཐང་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་མཚོན་རྟགས་ཤིག་རེད། མིའི་ཚེ་སྲོག་དང་། རིན་ཐང་། ལ་རྒྱ་བཅས་བསྲུངས་ཏེ་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་བརྩོན་གཉེར་བྱ་ཡུལ་ཞིག་རེད། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་འབད་འཐབ་ཀྱི་དམིགས་ཚད་ལ་བརྩི་རྒྱུ་ནི་དུས་རབས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་ལ་དཀྲིས་པའི་འགན་འཁྲི་ཞིག་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་མཁན་གྱི་སྲིད་ཏང་ཞིག་རེད། ཀྲུང་གོས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་སྟེ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ཡོང་བར་སྐུལ་འདེད་གཏོང་བ། མིའི་རང་དབང་དང་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བདེ་བླག་ངང་བསྐྱོད་ཐུབ་ནས། ཀྲུང་གོའི་འགྲོ་བ་མིའི་བྱ་གཞག་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ཐེབས་ཏེ། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པའི་ཐད་ཀྲུང་གོའི་མི་དམངས་དུང་ཕྱུར ༡༤ ལྷག་ཙམ་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། འགྲོ་བ་མིའི་ཐོབ་ཐང་ལག་ལེན་བྱེད་སྟངས་སྣ་ཚོགས་ཡོད། དེས་ན། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ལམ་བུ་ཞིག་རང་ཉིད་ཀྱིས་གདམ་ག་བྱེད་ཐུབ་ངེས་རེད། ཀྲུང་གོས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་ཕྱོགས་མང་རིང་ལུགས་དངོས་འབྲེལ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད།
༢༠༢༡·ལྷོ་ལྷོའི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཉིན་ཚེས་ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་བརྗོད་དོན་གཙོ་བོ་ནི་མི་དམངས་གོང་བཀུར་དང་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཞེས་པ་དེ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཕྱི་འབྲེལ་པུའུ་ཡིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ། ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་བརྙན་ལམ་བརྒྱུད་མཇལ་འཕྲད་གནང་རྒྱུ། ཞི་ཅིན་ཕིང་ནས་མཉམ་སྡེབ་སློབ་སྦྱོང་འདིའི་ཐོག་གསུང་བཤད་གནང་འདུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ།