གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྨན་བཅོས་འགན་སྲུང་གིས་དམངས་ལ་ཕན་བདེ་བསྐྲུན།

སྤེལ་དུས་: 2021ལོ་12ཟླ་24ཚེས་ 17:19 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དེང་རབས་ཅན་གྱི་དམིགས་ཚད་གལ་ཆེ་ཤོས་ནི་མི་དམངས་ཀྱི་བདེ་ཐང་རེད། འདི་ནི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རྨང་གཞི་རེད། དོན་དག་དེར་དམ་འཛིན་ཡག་པོ་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་གཉིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ངེས་པར་དུ་བརྟན་པོ་འཛུགས་དགོས་པའི་འདུ་ཤེས་ཤིག་རེད་ཅེས་ནན་སྟོན་གནང་ཡོད།

སྤྱི་ལོ ༢༠༢༡ ལོར། སྨན་རྫས་རིགས ༧༤ གསར་དུ་སྨན་བཅོས་འགན་བཅོལ་ནང་བཅུག་པས། རིན་གོང་ཧ་ཅང་མཐོ་བའི་སྨན་རྫས་དེ་བས་མང་བ་རིན་གོང་དམའ་བའི་སྨན་རྫས་སུ་གྱུར་ཡོད་པ་དང་། ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་རྩིས་ཞུ་བྱེད་པའི་ཞབས་ཞུ་རྒྱལ་ཡོངས་སུ་ཁྱབ་ཡོད། རང་རྒྱལ་གྱིས་སྤུས་མཐོ་ནུས་ལེགས་ཀྱི་སྡེབ་སྒྲིག་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་རྒྱུའི་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། གྲོང་མིའི་བདེ་ཐང་གི་དམིགས་ཚད་གཙོ་བོ་སྤྱི་ཡོངས་ནས་བལྟས་ན་ཡོང་འབབ་མཐོ་འབྲིང་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད།

ཧྲན་ཏུང་ཆིང་ཏའོ་ཡི་བུ་ཆུང་ཞའོ་ཞའོ་ལ་མཐོང་དཀོན་པའི་སྒལ་ཚིགས་རང་བཞིན་གྱི་ཤ་གནད་འཁུམ་པའི་ནད་ཕོག་ཡོད། ཞའོ་ཞའོ་ཡི་ཨ་མས། ཕྲུ་གུའི་སྨན་བཅོས་ཇུས་གཞིའི་ནང་སྒོར་བདུན་འབུམ་གྱི་སྨན་རིན་དགོས་དུས་ང་ཚོ་ག་བྱེད་འདི་བྱེད་མི་ཤེས་པར་ལུས་སོང་། མཐོང་དཀོན་པའི་སྒལ་ཚིགས་རང་བཞིན་གྱི་ཤ་གནད་འཁུམ་པའི་ནད་བཅོས་པའི་སྨན་རྫས་འདི་ནི་ནོ་ཤི་ན་ཧྲེང་ན་སྨན་ཁབ་གཤེར་ཁུ་ཞེས་པ་དེ་རེད། ད་ལོའི་སྤྱི་ཟླ ༡༡ པའི་ཟླ་དཀྱིལ་དུ་བྱས་པའི་སྨན་བཅོས་འགན་བཅོལ་གྱི་དབྱེ་འབྱེད་གྲོས་མོལ་ནང་སྨན་རྫས་འདིའི་རིན་གོང་སྒོར་ཁྲི་གསུམ་ལྷག་ཙམ་བར་བཅག་འདུགའདིའི་ཐོག་ཏུ་སྨན་བཅོས་འགན་བཅོལ་ནང་བཅུག་པའི་འགྲོ་གྲོན་རྩིས་ཞུ་བྱེད་ཆོག་པས་ནད་པའི་སྨན་བཅོས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་ཤུགས་ཆེན་བཏང་སོང་ཞེས་བཤད་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱི་ཅུད་ཀྲང་གཞོན་པ་ལི་ཐའོ་ཡིས། མིག་སྔའི་བར་སླེབས་དུས། རྒྱལ་ནང་དུ་ཁྱོན་མཐོང་དཀོན་པའི་ནད་གཞིར་སྤྱོད་པའི་སྨན་རྫས་རིགས་དྲུག་ཅུ་ལྷག་ཙམ་ལ་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་ཡོད་པ་དང་། དེ་དག་ཁྲོད་ནས་སྨན་རྫས་རིགས་བཞི་བཅུ་ལྷག་ཙམ་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་ཡོད་ཅིང་། མཐོང་དཀོན་པའི་ནད་ལ་སྤྱོད་པའི་སྨན་རྫས་ལ་དབྱེ་འབྱེད་གྲོས་མོལ་བྱས་པ་བརྒྱུད་དེ། མཐོང་དཀོན་པའི་ནད་ལ་སྤྱོད་པའི་སྨན་རྫས་ཀྱི་རིན་གོང་ཤུགས་ཆེན་བཅག་ཡོད། ད་ལོ་མཐོང་དཀོན་པའི་ནད་ཀྱི་སྨན་རྫས་རིགས་བདུན་གྱི་དབྱེ་འབྱེད་གྲོས་མོལ་ལེགས་འགྲུབ་བྱུང་བ་དང་། ཆ་སྙོམས་ཐོག་རིན་གོང་གཅོག་ཚད་དེ་བརྒྱ་ཆ ༦༥ ཟིན་ཡོད་ཅེས་གསུངས་ཡོད་པ་རེད།

རིན་གོང་མཐོ་བའི་སྨན་རྫས་དེ་བས་མང་བ་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱིས་དབྱེ་འབྱེད་གྲོས་མོལ་བྱས་པ་བརྒྱུད་རིན་གོང་ཁེ་བའི་སྨན་རྫས་སུ་གྱུར་ཡོད། སྤྱི་ལོ ༢༠༢༡ ལོའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་གསར་སྣོན་བྱས་པའི་སྨན་རྫས་ཁྲོད་སྐྲན་ནད་ལ་སྤྱོད་པའི་སྨན་རྫས་རིགས་བཅོ་བརྒྱད་ཟིན་ཡོད། ཀྲུང་གོ་གསོ་རིག་ཚན་རིག་ཁང་སྐྲན་ནད་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཧྲེ་ཡོན་ཁའེ་ཡིས། ད་ལོའི་གྲོས་མོལ་ནང་གསར་སྣོན་བྱས་པའི་སྐྲན་ནད་སྨན་རྫས་ཀྱི་རིན་གོང་ཆ་སྙོམས་ཐོག་བཅག་ཚད་དེ་བརྒྱ་ཆ ༦༤.༨༨ ཟིན་ཡོད་ཅེས་གསུངས་ཡོད།

མིག་སྔར། ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་ཐད་ཀར་རྩིས་ཞུ་བྱེད་པའི་ཞབས་ཞུ་རྒྱལ་ཡོངས་སུ་ཁྱབ་ཡོད། དེའི་རྨང་གཞིའི་ཐོགརང་རྒྱལ་གྱིས་སྒོ་ཀུན་ནས་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་གྲོན་དངུལ་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་བྱེད་པའི་ལས་དོན་སྤེལ་ཡོད། ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོའི་ཞོར་གཏོགས་སྨན་ཁང་དང་པོར་ཁྲེན་ཏུའུ་གྲོང་ཁྱེར་གྱི་གྲོང་མི་སྐུ་ཞབས་སུན་ལགས་ཀྱིས་སྒོ་བསྟེན་སྨན་ཁང་གི་གྲོན་དངུལ་མཇུག་རྩིས་རྒྱག་བཞིན་ཡོད། མ་གཞི་ཁོང་ནས་སྨན་རིན་སྒོར ༡༣༩.༧༦ སྤྲོད་དགོས་རུང་། ཐད་ཀར་མཇུག་རྩིས་བརྒྱབ་རྗེས་ཁོང་གིས་སྒོར ༤༡.༩ ལས་སྤྲོད་དགོས་བྱུང་མེད་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སྨན་བཅོས་སྲིད་འཛིན་སྨན་བཅོས་དོ་དམ་ཅུད་ཀྱི་ཅུད་ཀྲང་ཅའོ་ཡ་ཧུའེ་ཡིས། སྨན་བཅོས་ཀྱི་ཞབས་ཞུའི་མ་དཔེ་གསར་གཏོད་བྱས་ནས། ནད་པས་སྨན་བཅོས་ཞབས་ཞུ་དེ་བས་ལེགས་པ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་དཔལ་འབྱོར་དམིགས་བསལ་ཁུལ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཐད་ནན་སྟོན་གནང་དོན། ཞི་ཅིན་ཕིང་གིས་རིག་རྩལ་ལས་དོན་ཐད་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་དང་ཕུའུ་ཅིང་གིས་བརྙན་ལམ་བརྒྱུད་མཇལ་འཕྲད་གནང་རྒྱུ།