གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུའུ་ཞི་ཞི་ཅིན་ཕིང་གིས་༼ རྩ་གནད ༽ འདིར་མཚན་རྟཊ་བཀོད་འདུག

སྤེལ་དུས་: 2022ལོ་06ཟླ་14ཚེས་ 12:07 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཉིན་ཤས་གོང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་བཀོད་གནང་ནས།༼དམག་དཔུང་གི་དམག་འཁྲུག་མིན་པའི་དུས་ཀྱི་དམག་དོན་བྱ་སྤྱོད་རྩ་གནད་(ཚོད་ལྟའི་ལག་ལེན)༽ ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ ༢༠༢༢ ལོའི་ཟླ་བ ༦ པའི་ཚེས ༡༥ ཉིན་ནས་འགོ་ཚུགས་ཏེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

༼རྩ་གནད༽ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་པ། ཉེན་ཁ་དང་འགྲན་རྩོད་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱེད་པ་དང་གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་ཁ་གཏད་གཅོག་པར་དམིགས་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱས་པ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ། དམག་དོན་སྟོབས་ཤུགས་བེད་སྤྱོད་བྱེད་སྟངས་བརྗེ་བསྒྱུར་བྱས་པ། དམག་དཔུང་གི་དམག་འཁྲུག་མིན་པའི་དུས་ཀྱི་དམག་དོན་བྱ་སྤྱོད་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་ཚད་ལྡན་དུ་བཏང་བས། དུས་རབས་གསར་པའི་དམག་དཔུང་གི་ལས་འགན་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།

༼རྩ་གནད༽ལ་ཁྱོན་ལེའུ ༦ དང་དོན་ཚན ༥༩ ཡོད་ཅིང་། སྔར་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་ལེགས་པོ་དང་དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་རིགས་པའི་གཞུང་ལུགས་བསྡུ་ལེན་རྒྱ་ཁྱབ་བྱས་ཡོད་པ་དང་། རྩ་དོན་དང་། སྒྲིག་འཛུགས་བཀོད་འདོམས། ལག་བསྟར་སྣ་རིགས། ལག་བསྟར་འགན་སྲུང་། ཆབ་སྲིད་ལས་དོན་སོགས་ལ་གཙོ་གནད་ཐོག་གོ་རིམ་ལྡན་པའི་སྒོ་ནས་ཚད་ལྡན་བཟོས་ཏེ། དམག་དཔུང་གིས་དམག་འཁྲུག་མིན་པའི་དུས་ཀྱི་དམག་དོན་བྱ་སྤྱོད་ལག་བསྟར་མཐར་ཕྱིན་བྱེད་ཕྱིར་ཁྲིམས་སྲོལ་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་གེ་སར་སྒྲུང་གི་སྐོར་ཐེངས་མང་གླེང་མྱོང་ཡོད། ཞི་ཅིན་ཕིང་ནས་མཁྱེན་ལྡན་མ་ས་ལ·ལན་ཏིར་འཕྲིན་ལན་སྤྲིངས་གནང་བ། གུང་གཞོན་སྡེ་ཚོཊ་དབུ་བརྙེས་ནས་ལོ་ངོ་༡༠༠འཁོར་བའི་ཚོཊ་ཆེན་འཚོཊ་པ། ཞི་ཅིན་ཕིང་དང་ཧྲུའོར་ཚེས་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ།