གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་འགྲོ་བ་མིའི་ཐོབ་ཐང་ཐད་རྩོམ་ཡིག་གལ་ཆེན་ཞིག་སྤེལ་བ།

སྤེལ་དུས་: 2022ལོ་06ཟླ་16ཚེས་ 12:56 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༦ པའི་ཚེས ༡༦ ཉིན་དཔེ་སྐྲུན་བྱས་པའི་༼བདེན་འཚོལ༽དུས་དེབ་འདོན་ཐེངས ༡༢ པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་༼ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་༽ཞེས་པ་སྤེལ་ཡོད།

རྩོམ་ཡིག་ནང་། མིའི་ཚེ་སྲོག་དང་། རིན་ཐང་། ལ་རྒྱ་བཅས་ལ་སྲུང་སྐྱོང་བྱས་ཏེ་མི་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྙེག་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་ནི་ཀྲུང་གོའི་གུང་ཁྲན་ཏང་མིས་རྒྱུན་བསྲིངས་ལྷོད་མེད་ངང་དོན་གཉེར་བྱེད་པ་ཞིག་ཡིན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་བཅས་ཀྱི་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་གཏོང་བཞིན་ཡོད་ཅེས་ནན་གསུངས་གནང་ཡོད།

རྩོམ་ཡིག་ནང་། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལག་ལེན་ངོ་མའི་ཁྲོད་དུ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་ཀྲུང་གོའི་དོན་དངོས་གནས་ཚུལ་ཟུང་འབྲེལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་ཐོག རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་དཔྱད་གཞིར་འཛིན་ནས། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ཐུབ་པ་དང་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ལམ་བུའི་ཐོག་སྐྱོད་བཞིན་ཡོད། དེ་ཡང་གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་སྤྱི་ཚོགས་རིང་ལུགས་ངོ་བོ་གཏན་འཁེལ་བྱས་ཡོད། གཉིས་ནས་མི་དམངས་ཀྱི་གཙོ་གཟུགས་གནས་བབ་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་རང་བཞིན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ལམ་བུའི་ཐོག་གི་ཆེས་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་དེ་ཡིན། གསུམ་ནས་རང་རྒྱལ་གྱི་དོན་དངོས་ལ་གཞིགས་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་བགྲོད་ལམ་དེ་ངེས་པར་དུ་རྒྱལ་ཁབ་དེའི་རྒྱལ་ཚུལ་དང་རྒྱལ་ཁབ་དེ་གའི་མི་དམངས་ཀྱི་འདོད་བློར་གཞིགས་ནས་གཏན་འཁེལ་བྱེད་དགོས། བཞི་ནས་འཚོ་གནས་དབང་ཆ་དང་གོང་འཕེལ་དབང་ཆས་གཙོ་བོ་བྱེད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྒྱུན་འཁྱོངས་བྱེད་པ། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་དོ་ཅོག་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན། ལྔ་ནས་ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་ནི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཐད་ནུས་པ་ཆེ་ཤོས་ལྡན་པ་དེ་ཡིན། དྲུག་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་ཐུན་མོང་བྱ་གཞག་ཡིན། རྒྱལ་ཁབ་ཁག་ལ་འགྲོ་བ་མིའི་ཐོབ་ཐང་རང་ཚུགས་ངང་གདམ་ག་བྱེད་པའི་དབང་ཆ་ཡོད། ཤེས་དཔལ་མི་འདྲ་བ་དང་རྒྱལ་ཁབ་མི་གཅིག་པའི་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་སྤྱི་འདོམས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དེའི་ཐད་གཤམ་གསལ་གྱི་ལས་དོན་ཁག་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས་ཏེ། གཅིག་ནས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཁྱོན་ཡོངས་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། གཉིས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། གསུམ་ནས་ཡང་དག་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དར་སྤེལ་གཏོང་བ། བཞི་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ལྔ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཧུར་ཐག་སྤེལ་བ་བཅས་ཡིན། འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་། ཞིབ་ཕྲ། དངོས་ཡོད་བཅས་ཡིན་པས། རྒྱལ་ཁབ་མི་འདྲ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་སྟོང་བཤད་བྱེད་མི་རུང་། རྒྱལ་ཁབ་ཅིག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་ཐད་གདེང་དཔྱད་བྱེད་དུས། རྒྱལ་ཁབ་གཞན་པའི་ཚད་གཞིའི་ཐོག་ནས་ཚད་འཇལ་མི་རུང་ལ་ཚད་གཞི་ཉིས་བརྩེགས་དེ་བས་ཀྱང་འཛིན་མི་རུང་། ཡང་སྒོས་སུ་འགྲོ་བ་མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆར་བརྩི་མི་རུང་ཞེས་ནན་གསུངས་གནང་ཡོད།

རྩོམ་ཡིག་ནང་། རིམ་ཁག་ཏང་ཨུད་༼ཏང་ཙུའུ༽ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་། རིམ་ཁག་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་རང་རྟོགས་ངང་སློབ་སྦྱོང་བྱེད་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་ལས་རིགས་ཁག་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་ཞེས་བསྟན་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་སི་ཁྲོན་དུ་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་བ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་༼ རྩ་གནད ༽ འདིར་མཚན་རྟཊ་བཀོད་འདུག ཞི་ཅིན་ཕིང་ནས་གེ་སར་སྒྲུང་གི་སྐོར་ཐེངས་མང་གླེང་མྱོང་ཡོད། ཞི་ཅིན་ཕིང་ནས་མཁྱེན་ལྡན་མ་ས་ལ·ལན་ཏིར་འཕྲིན་ལན་སྤྲིངས་གནང་བ།