གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་དང་ཐ་ལུང་ནས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

སྤེལ་དུས་: 2022ལོ་12ཟླ་30ཚེས་ 13:36 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༡༢ པའི་ཚེས ༢༩ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ནིང་གི་ཙུང་ཐུང་ཐ་ལུང་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་ངོ་ ༥༠ འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཕྱི་འབྲེལ་སླར་གསོ་བྱུང་ནས་དུས་རབས་ཕྱེད་ཀ་སོང་ཚུན། ཀྲུང་པེ་ཕྱོགས་གཉིས་པོའི་དབར་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་ལྡན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་བདེ་རྩར་ཐུག་པའི་གནད་དོན་གལ་ཆེ་རིགས་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད།

མིག་སྔར་ཀྲུང་པེའི་འབྲེལ་བར་འཕེལ་ཕྱོགས་བཟང་པོ་མངོན་ཡོད་པ་དང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་བསྐྲུན་ཡོད། ང་རང་ནས་ཀྲུང་པེ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་ཐ་ལུང་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་པེ་དབར་གྱི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག

ཐ་ལུང་གིས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླར་གསོ་བྱུང་ནས་ལོ་ངོ་ ༥༠ སོང་རིང་གི་གཟེངས་སུ་ཐོན་པའི་མཉམ་ལས་གྲུབ་འབྲས་ལ་རང་ཉིད་བློ་ཡིད་ཚིམ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་གསོན་ཤུགས་རྒྱས་པ་དང་དེ་བས་སྲ་ཞིང་བརྟན་པའི་པེ་ཀྲུང་གི་འབྲེལ་བ་གཏོད་འདོད་ཡོད། པེ་ཀྲུང་མཉམ་ལས་ནི་སྲ་བརྟན་འགྱུར་མེད་ཡིན་ཞིང་། གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་ཡིན་པ་ང་རང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་འདུག།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ཅི་ལུའོ་ནས་ཕན་ཚུན་ཤིས་འཕྲིན་སྤྲིངས། བློ་མཐུན་ཅང་ཙེ་རྨིན་གྱི་གདུང་ཐལ་རྒྱ་མཚོའི་ནང་དུ་གཏོར་བ། མང་ཚོཊ་ཀུན་གྱིས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་ཞུས་པ། ཞི་ཅིན་ཕིང་གིས་གླེང་སྟེཊ་འདིར་ཤིས་འཕྲིན་སྤྲིངས།