ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༡༦ ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་དང་བཞུགས་མོལ་གནང་བ་མ་ཟད་མཉམ་དུ་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་གསར་དུ་བདམས་ཐོན་པའི་བྱུང་བའི་འགོ་ཁྲིད་ཚན་པའི་ཁོངས་མིར་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། དམངས་གཙོ་ཏང་ཤོག་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད། ཁོང་གིས། ༢༠༢༣ ལོ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་འགོ་འཛུགས་པའི་ལོ་ཡིན་པས། རེ་བ་དང་འགྲན་སློང་མཉམ་དུ་གནས་ཡོད། ཚང་མས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱས་ཏེ། དེ་བས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ཐོག་ནས་ལས་འགན་སྒྲུབ་པ་དང་འགན་འཁྲི་འཁུར་ཐོག སེམས་ནུས་གཅིག་སྒྲིལ་དང་གནས་བབ་ཧྲིལ་པོར་ཞབས་ཞུ་སྒྲུབ་པའི་ཐད་ནུས་པ་དེ་བས་ཆེ་བ་འདོན་པ་དང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་བ་བྱེད་སའི་མང་ཚོགས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུར་སྐུལ་མ་དང་སྐུལ་ལྕག་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་། ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་ཡོད།
ཀྲུང་གོའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་སྐུལ་སྤེལ་ཚོགས་པའི་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏཱ་ཧྥུང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝེ། ཀྲེ་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙོ་ཅུན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུ་ཝེ་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། ཁག་སོ་སོར་དམངས་གཙོ་ཏང་ཤོག་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་འོག རྒྱལ་ཡོངས་འཐུས་མི་ཚོགས་ཆེན་བདེ་བླག་ངང་སྐོང་ཚོགས་བྱས་པ་དང་སྐབས་བརྗེ་བའི་ལས་དོན་དང་དེ་བཞིན་གོམ་སྟོབས་རྗེས་མའི་ལས་དོན་གྱི་འཆར་གཞི་བཟོ་རྒྱུ་བདེ་བླག་ངང་ལེགས་གྲུབ་བྱུང་ཚུལ་ངོ་སྤྲོད་གནང་ཡོད། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཞི་ནན་ཧྭ་ཡིས་ཀྱང་གཏམ་བཤད་སྤེལ་ཡོད། ཁོང་ཚོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་འབྲེལ་མཐུད་གཏིང་ཟབ་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ལས་འགན་ཧུར་ཐག་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་བ་བཅས་བྱས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་ཁག་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་གནང་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཉིན་ཤས་རྗེས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་ཡིན་པས། ལྷན་རྒྱས་དང་མཉམ་འཛོམས་ཀྱིས་དཔྱིད་གསར་དུས་ཆེན་བསུ་བ་དང་། མཛའ་བརྩེ་དང་རྒྱལ་དོན་གླེང་རྒྱུ་བྱུང་བས་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ༢༠༢༢ ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་གོང་འཕེལ་ལོ་རྒྱུས་ཐོག་ཆེས་གལ་འགངས་ཆེ་བའི་ལོ་ཞིག་ཡིན་ལ། རང་རེའི་ཏང་གིས་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་བཏོན་ནས་ལོ ༡༠༠ འཁོར་བའི་ལོ་ཞིག་ཀྱང་ཡིན། དམངས་གཙོ་ཏང་ཤོག་ཁག་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་། ལག་གདང་སྦྲེལ་ནས་དུས་རབས་གསར་པར་འབད་འཐབ་བྱེད་པའི་ཆབ་སྲིད་འབྲེལ་མཐུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། བསམ་བློ་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དེ་བས་བརྟན་དུ་བཏང་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཁྲོད་ཀྱི་བརྗོད་གཞི་གལ་ཆེན་ལ་གཞིགས་ནས་བརྟག་ཞིབ་གཏིང་ཟབ་གནང་བ་དང་དམངས་གཙོའི་ལྟ་སྐུལ་གནང་སྟེ། ཀྲུང་གུང་ཀྲུང་དབྱང་ནས་ཚན་རིག་དང་མཐུན་པའི་ངང་འཐབ་ཇུས་འགོད་རྒྱུ་དང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱ་ཆེད་དཔྱད་གཞི་གལ་ཆེན་མཁོ་འདོན་གནང་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས། དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད་ཅེས་བསྟན་གནང་བ་དང་། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་དང་བློ་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་ནི་ཏང་མང་མཉམ་ལས་ཀྱི་རྩ་བའི་ཆབ་སྲིད་རྨང་གཞི་ཡིན། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་ཚན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་དེ་ནི་ཆབ་སྲིད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པས། ཐོག་མཐའ་བར་གསུམ་དུ་བློ་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་ངོ་བོ་རྒྱུན་འཁྱོངས་བྱེད་དགོས། ཚང་མས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ལ་བརྩིས་ནས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་ཁོངས་མི་དང་འབྲེལ་བ་བྱེད་སའི་མང་ཚོགས་ནས་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བརྟན་དུ་དང་རྒྱ་ཆེར་གཏོང་བ་དང་། འོས་མཚམས་ཀྱི་སྐབས་སུ་རེས་སྐོར་གསར་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་ཆབ་སྲིད་ཀྱི་ངེས་ཤེས་དང་བསམ་བློའི་ངེས་ཤེས། རིགས་པའི་གཞུང་ལུགས་ཀྱི་ངེས་ཤེས། བརྩེ་སེམས་ཀྱི་ངེས་ཤེས་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་བྱེད་པ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་རྒྱལ་ཡོངས་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བྱེད་དགོས། དམངས་གཙོ་ཏང་ཤོག་ཁག་གིས་ཏང་མང་མཉམ་ལས་ཀྱི་དགེ་མཚན་དང་ལྟེ་བའི་གནས་བབ་ཧྲིལ་པོའི་དགོས་མཁོ་ཟུང་འབྲེལ་བྱས་ཏེ། སྲིད་ཞུགས་སྲིད་གྲོས་ནང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པ་དང་། དམངས་གཙོའི་ལྟ་སྐུལ་ནང་གྲོས་འགོ་བཟང་པོ་འདོན་པ། སྲིད་ཏང་གི་གྲོས་མོལ་ནང་ཐབས་དང་ཇུས་འདོན་པ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་བཟང་པོ་དང་རོགས་པ་བཟང་པོ། ལས་རོགས་བཟང་པོ་བཅས་བྱ་རྒྱུའི་རེ་བ་ཡོད། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུ་དང་གཡོ་འགུལ་སྤུ་ཙམ་མི་གཏོང་བ་གཉིས་དོན་འཁྱོལ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་སོགས་གལ་ཆེའི་གནད་དོན་ལ་གཞིགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་སྤེལ་བ་དང་ཐབས་དང་ཇུས་ཧུར་ཐག་འདོན་དགོས། རྣམ་པ་ཕུན་སུམ་ཚོགས་སུ་དང་ཐབས་ལམ་རྒྱ་ཆེར་བཏང་ནས་དམངས་གཙོའི་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཁོངས་མི་དང་འབྲེལ་གཏུག་བྱེད་སའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་སེམས་ཤུགས་བརྟན་དུ་དང་བློ་སྟོབས་ཆེ་རུ་བཏང་ནས་མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ཚེགས་དང་ཉེན་ཁ། འགོག་རྐྱེན་བཅས་ལས་རྣམ་པར་རྒྱལ་ཕོད་པ་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁེ་ལས་ལ་ཕན་འདོགས་པ་དང་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་གྱིས་ཕན་ནུས་ཐོན་པ་བྱས་ནས། དམངས་གཉེར་ཁེ་ལས་ལ་དོན་དངོས་དཀའ་ངལ་ཐག་གཅོད་བྱེད་རོགས་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་གྱི་སེམས་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ཆབ་སྲིད་ཀྱི་བཟང་ཆ་འདོན་སྤེལ་ཡག་པོ་བྱེད་པར་དམངས་གཙོ་ཏང་ཤོག་ཁག་གིས་རང་ངོས་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་སྲིད་ཞུགས་སྲིད་གྲོས་ནུས་པ། སྒྲིག་འཛུགས་འགོ་ཁྲིད་ནུས་པ། མཉམ་ལས་ལས་སྒྲུབ་ནུས་པ། རང་ངོས་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཚང་མས་ཏང་དང་སེམས་པ་གཅིག་སྒྲིལ་དང་། རྒྱལ་གཅེས་དམངས་ཕན། ལྷག་བསམ་མཉམ་ལས། ལས་བཀུར་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས། ཆབ་སྲིད་ཀྱི་བློ་རྩ་བརྟན་པ་དང་སྒྲིག་འཛུགས་སྲ་ཞིང་བརྟན་པ། འགན་སྒྲུབ་ནུས་ལྡན། སྤྱོད་ཚུལ་བཟང་བ། ལམ་ལུགས་འཐུས་ཚང་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཞིག་ཏུ་འགྱུར་རྒྱུར་བརྩོན་ལེན་བྱ་དགོས། འགོ་ཁྲིད་ཚན་པ་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་དང་མཐུན་སྒྲིལ་རོགས་ལས་ཡག་པོ་བྱས་ནས་འགོ་ཁྲིད་ཚན་པའི་སྤྱི་ཡོངས་འཇོན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང། དངོས་སྒྲུབ་ཡར་བརྩོན་དང་སྤྱོད་གཙང་གཞུང་བཀུར་གྱི་གཟུགས་བརྙན་བཟང་པོ་གཏོད་དགོས། ད་ལོ་ནི་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཡིན་པས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། སྒྱུར་བཅོས་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ། འཐུས་མིར་སློབ་གསོ་དང་ཁྲིད་སྟོན་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། འབྲེལ་ཟམ་དང་དཔུང་རོགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་འདུག
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲེ་ཐའེ་ཧྥུང་དང་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཞི། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་ནས་ཕན་ཚུན་ལོ་གསར་གྱི་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་མཆན་བཀོད་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་དང་མཇལ་མོལ་གནང་བ།