གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྐབས༡༤པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

སྤེལ་དུས་: 2023ལོ་03ཟླ་06ཚེས་ 11:36 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་སྤྱི་ཚེས ༥ ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་ཤིང་། སྐབས་གསར་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི ༣༠༠༠ ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ནས་རྒྱས་འཛོམས་ནང་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་མེད་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུ་ཡིན་པ་རེད།

དཔྱིད་འགོ་མའི་པེ་ཅིང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྣམ་པ་གསར་རྐྱང་དུ་གྱུར་ཡོད། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་སྒམ་བརླིང་ཆེ་ཞིང་སྤྲོ་སེམས་འཁོལ་བའི་རྣམ་པས་ཕྱུག་ཡོད་པ་དང་། ཀྲུའུ་ཞི་སྟེགས་བུའི་དབུས་ཀྱི་ཡོལ་བའི་ངོས་སུ་བཀལ་བའི་རྒྱལ་རྟགས་ནི་དམར་མདངས་བཀྲ་བའི་དར་དམར་གྱི་མཛེས་རྒྱན་འོག་བཀྲག་མདངས་རབ་ཏུ་འཚེར་བཞིན་ཡོད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཀན་ཅེ་དང་། ལི་ཧུང་ཀྲུང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཧོ་ཝུའེ། ཝུའུ་ཝུའེ་ཧྭ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ལི་ཆང་། ཝང་ཧུའུ་ཉིང་། ཧན་ཀྲེང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོར་འཐུས་མི ༢༩༧༧ ཞུགས་དགོས། སྤྱི་ཚེས ༥ ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི ༢༩༤༨ ཞུགས་པ་དང་འཐུས་མི ༢༩ ཞུགས་ཐུབ་མེད་པ། ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་འཚམ་གྱི་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད ༩ པར། ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་འགོ་ཚུགས་པ་ཁྱབ་བསྒྲགས་གནང་ཡོད། ཚང་མ་ཡར་བཞེངས་པ་དང་། དམག་མིའི་རོལ་ཆ་རུ་ཁག་གི་རམ་དཀྲོལ་འོག་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་ཡོད། སྙན་ཞུ་དེ་ཁྱོན་ཁག་གཉིས་སུ་ཕྱེ་ཡོད་པ་སྟེ། གཅིག་ནི་འདས་ཟིན་པའི་ལོ་གཅིག་དང་ལོ་ལྔའི་རིང་གི་ལས་དོན་ལ་ཕྱིར་དྲན་བྱ་རྒྱུ་དང་། གཉིས་ནི་ད་ལོའི་སྲིད་གཞུང་ལས་དོན་སྐོར་ལ་གྲོས་འགོ་འདོན་རྒྱུ་ཡིན་པ་རེད།

ལི་ཁེ་ཆང་གིས་སྙན་ཞུའི་ནང་། སྤྱི་ལོ ༢༠༢༢ ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་བཅས་ཀྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དེ། རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་བྱ་དགོས་པའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཞིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པར་དཀའ་བའི་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་བསྟན་ཡོད་པ་རེད།

ལི་ཁེ་ཆང་གིས་སྙན་ཞུའི་ནང་། འདས་ཟིན་པའི་ལོ་ལྔ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ང་ཚོས་འཛམ་གླིང་ལ་འཕོ་འགྱུར་མྱུར་པོ་འགྲོ་བ་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག རྒྱལ་ནང་གི་དཔལ་འབྱོར་ཆག་པ་སོགས་ཀྱི་ཚོད་བགམ་མང་པོ་ཐེག་ནས། དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱས་ཤིང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་གསར་པ་བྱེད་འགོ་ཚུགས་ཡོད་ཅེས་བསྟན་ཡོད།

ལི་ཁེ་ཆང་གིས་སྙན་ཞུའི་ནང་། ལོ་ལྔའི་རིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཐོག སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁམས་སུ་རྒྱུན་འཁྱོངས་བྱས་པ་དང་། དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་ཤིང་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་འཕེལ་བར་བྱས་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཐོན་ལས་ཀྱི་གྲུབ་གཞི་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ། རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་བཏང་བ། ས་ཁོངས་མཐུན་སྦྱོར་གོང་འཕེལ་དང་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་བཏང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ། ཕྱི་ཕྱོགས་སྒོ་དབྱེ་བྱེད་རྒྱ་ཆེ་རུ་བཏང་ནས་གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་བཏང་བ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྦགས་མེད་ཐཱན་ཉུང་གོང་འཕེལ་ལ་སྐུལ་འདེད་བཏང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་པ་དང་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་མགྱོགས་སུ་བཏང་བ། སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་བཅོས་སྐྱོང་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱས་ཡོད་ཅེས་བསྟན་ཡོད།

ལི་ཁེ་ཆང་གིས་སྙན་ཞུའི་ནང་། ལོ་འདི་དག་ནང་རང་རྒྱལ་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྟོབས་ཆེའི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་བྱས་པའི་འབྲས་བུ། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད་ཅེས་བསྟན་ཡོད།

ལི་ཁེ་ཆང་གིས་སྙན་ཞུའི་ནང་། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་ཡོད་པས། འཕེལ་རྒྱས་དོ་མི་མཉམ་ཞིང་འཐུས་ཚང་མ་བྱུང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། གནད་དོན་དང་འགྲན་སློང་ལ་ཐད་ཀར་གདོང་གཏད་ཐོག སེམས་ནུས་ཡོད་རྒུས་སྲིད་གཞུང་གི་ལས་དོན་ལེགས་བཅོས་བྱས་ཏེ་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ལི་ཁེ་ཆང་གིས་སྙན་ཞུའི་ནང་།  ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་རེད། འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆ༥ གཡས་གཡོན་འཕར་སྣོན་ཡོང་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི ༡༢༠༠ ཙམ་གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་བརྒྱ་ཆ ༥.༥ ཟིན་པ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ༣ གཡས་གཡོན་ཟིན་པ་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་རྒྱུ་དང་དཔལ་འབྱོར་འཕར་རྒྱུ་གཉིས་གཞི་རྩའི་ཆ་ནས་གོམ་པ་གཅིག་མཚུངས་ཡོང་བ་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་བརྟན་པོ་ཡོང་བར་སྐུལ་འདེད་དང་སྤུས་ཚད་མཐོར་གཏོང་གིས་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་བྱ་རྒྱུ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི ༡.༣ ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྡེ་ཚན་རེའི་ནུས་རྒྱུའི་ཟད་གྲོན་དང་སྦགས་བཙོག་དངོས་པོ་གཙོ་བོ་འབུད་བཤངས་བྱེད་ཚད་མུ་མཐུད་ཆག་པ་བྱ་རྒྱུ། རྫས་འགྱུར་རྡོ་སྣུམ་གྱི་ནུས་རྒྱུའི་འཛད་སྤྱོད་གཙོ་གནད་དུ་ཚོད་འཛིན་བྱ་རྒྱུ། འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་པོའི་སྒོ་ནས་ལེགས་སུ་གཏོང་རྒྱུ་བཅས་ཡིན་ཞེས་བསྟན་ཡོད་པ་རེད།

ད་ལོའི་སྲིད་གཞུང་ལས་དོན་ཐད་བཏོན་པའི་གྲོས་འགོའི་ནང་། ལི་ཁེ་ཆང་གིས་གཙོ་གནད་དོན་ཚན་བརྒྱད་བཏོན་གནང་ཡོད། དེ་ཡང་། དང་པོ་ནི་རྒྱལ་ནང་གི་དགོས་མཁོ་ནུས་ཤུགས་ཆེན་པོས་རྒྱ་སྐྱེད་གཏོང་དགོས་པ་དང་། གཉིས་པ་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་མགྱོགས་སུ་གཏོང་དགོས་པ། གསུམ་པ་ནི་གཡོ་འགུལ་གཏོང་མི་རུང་བ་གཉིས་དོན་འཁྱོལ་ཏན་ཏིག་བྱེད་དགོས་པ། བཞི་པ་ནི་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་དང་བེད་སྤྱོད་བྱེད་ཤུགས་དེ་བས་ཆེ་རུ་གཏོང་དགོས་པ། ལྔ་པ་ནི་དཔལ་འབྱོར་དངུལ་རྩའི་ཉེན་ཁ་ཚབས་ཆེན་ནུས་ལྡན་ངང་འགོག་ཟོན་དང་སེལ་དགོས་པ། དྲུག་པ་ནི་འབྲུ་རིགས་ཐོན་སྐྱེད་བརྟན་པོ་ཡོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། བདུན་པ་ནི་གོང་འཕེལ་གཏོང་སྟངས་སྦགས་མེད་བརྗེ་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པ། བརྒྱད་པ་ནི་གཞི་རྩའི་དམངས་འཚོ་འགན་སྲུང་དང་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་དགོས་པ་བཅས་ཡིན་པ་རེད།

སྙན་ཞུའི་ནང་། ལི་ཁེ་ཆང་གིས་ད་དུང་མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མིའི་སྤུན་ཟླའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་གྱི་གོང་འཕེལ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཐད་རྒྱས་བཤད་གནང་ཡོད།

ལི་ཁེ་ཆང་གི་སྙན་ཞུར་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཐོབ་ཡོད།

གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་སྤྱི་ལོ ༢༠༢༢ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༢༣ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་མ་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་དང་སྤྱི་ལོ ༢༠༢༣ ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་མ་ཟིན། སྤྱི་ལོ ༢༠༢༢ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་སྤྱི་ལོ ༢༠༢༣ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་ཞུ་དང་སྤྱི་ལོ ༢༠༢༣ ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་ཡོད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་ལ་གསལ་བཤད་གནང་བ་རེད།

ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་། ཁྲིམས་འཛུགས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་དེ་ཁྲིམས་བཀོད་ཀྱི་གོ་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་བའི་བརྒྱུད་རིམ་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཁྲིམས་འཛུགས་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལམ་ལུགས་དང་ཁྲིམས་འཛུགས་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྒོ་ཀུན་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་བསྟན་འདུག

གསལ་བཤད་ནང་། ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་དུས་རབས་གསར་པར་ཏང་གིས་ཁྲིམས་འཛུགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དང་། དུས་རབས་གསར་པར་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་ཡིན་པ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ། དུས་རབས་གསར་པར་བསྒྱུར་བཅོས་དང་ཁྲིམས་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པའི་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་། ཁྲིམས་སྐྱོང་གི་འོག་ཏུ་བསྒྱུར་བཅོས་ལ་སྐུལ་འདེད་དང་བསྒྱུར་བཅོས་ཀྱི་ཁྲོད་དུ་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་བཅས་རེད། ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་ཁྱོན་དོན་ཚན ༣༧ ཡོད། གཅིག་ནས་ཁྲིམས་འཛུགས་ཀྱི་མཛུབ་སྟོན་བསམ་བློ་དང་རྩ་དོན་འཐུས་ཚང་དུ་གཏོང་དགོས། གཉིས་ནས་རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་གྱི་འབྲེལ་ཡོད་བླང་བྱ་ཁ་གསལ་བཟོ་དགོས། གསུམ་ནས་ཁྲིམས་འཛུགས་ཐབས་ཇུས་དང་བསྒྱུར་བཅོས་ཐབས་ཇུས་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་གཅིག་གྱུར་གྱི་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བཞི་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དབང་ཚད་དང་ཁྲིམས་འཛུགས་གོ་རིམ། ལས་ཀའི་ལམ་སྲོལ་བཅས་འཐུས་ཚང་དུ་གཏོང་བ། ལྔ་ནས་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ་འབྲེལ་ཡོད་ནང་དོན་ཁ་གསབ་བྱེད་དགོས་པ། དྲུག་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིལ་སྲོལ་གྱི་དབང་ཚད་དང་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ། བདུན་ནས་ཞིབ་བཤེར་ཐོ་འགོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་སོགས་ཡིན་ཞེས་བསྟན་འདུག

གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་དང་པོའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་འདེམས་རྒྱུའི་སྐོར་གྱི་བརྡས་ཐག་གཅོད་ཐབས་ལ་གྲོས་འཆམ་བྱུང་བ། སྐས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོར་གྲོས་འཆམ་བྱུང་བ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོར་གྲོས་འཆམ་བྱུང་ཡོད།

ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་མཁན་གྲས་སུ་ད་དུང་མ་ཤིང་རུའེ་དང་། ཝང་དབྱི། དབྱིན་ལི། ཧྲེ་ཐའེ་ཧྥེང་། ལིའུ་ཧོ། ལིའུ་གོ་ཀྲུང་། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཧྲུའུ་ལེ། ཡང་ཞའོ་ཏུའུ། ཧོ་ཝེ་ཏུང་། ཧོ་ལི་ཧྥེང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅེ་ཉིང་། ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅེ་པིང་ཤོན། ཨའེ་ལི་ཀེང་•དབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲེན་ཀྲུའུ། པད་མ་འཕྲིན་ལས། ཝེ་ཧྥེང་ཧོ། ཝང་ཡུང་། ཀྲའོ་ཁེ་ཀྲེ། ཀྲོའུ་ཆང་། ཀྲང་ཅུན། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲེན་ཀུང་། མ་པིའོ། ཁྲེན་ཞའོ་ཀོང་། ལེའང་ཀྲེན་དབྱིང་། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པིན། པ་ཐེར། ཝང་ཡུང་ཆིང་། སུའུ་ཧུའེ། ཀུའུ་ཧྲེང་ཙུའུ། ལིའུ་ཤིན་ཁྲེང་། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་དང་། དེ་བཞིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལི་ཧྲང་ཧྥུ་དང་ལིའུ་ཀྲེན་ལི། མིའོ་ཧྭ། ཀྲང་ཧྲེང་རྨིན་སོགས་ཡོད།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་གྲོས་ཚོགས་ལ་ཟུར་ཞུགས་གནང་བ་མ་ཟད་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མི་དམངས་ཚོགས་པ་ཁག་གི་འབྲེལ་ཡོད་འགན་འཁུར་མི་སྣ་བཅས་ཚོགས་ཆེན་ལ་ཟུར་ཞུགས་སམ་ཡང་ན་ཟུར་ཉན་གནང་ཡོད།

ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ལ་ཟུར་ཉན་གནང་ཡོད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ། ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོའི་གྲོས་མོལ་ཚོཊ་འདུ་འཚོཊ། སྤྱི་ཁྱབ་ཧྲུའུ་ཅི་ནི་མང་ཚོགས་ཀྱི་སྙིང་ཉེ་ཤོས་ཀྱི་མི་དེ་ཡིན། ཞི་ཅིན་ཕིང་གིས་གླེང་སྟེཊ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།