གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་གླེང་སྟེཊ་དེའི༢༠༢༣ལོའི་ལོ་ཚོཊ་ལ་ཤིས་འཕྲིན་སྤྲིངས།

སྤེལ་དུས་: 2023ལོ་03ཟླ་27ཚེས་ 15:45 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༣ ཚེས ༢༦ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་གོང་འཕེལ་མཐོ་རིམ་གླེང་སྟེགས་ཀྱི ༢༠༢༣ ལོའི་ལོ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་གདོང་གཏུག་དང་ཟང་ཟིང་ཡང་སེ་ཐོན་གྱི་ཡོད་པ། འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བའི་སྒུལ་ཤུགས་འདང་གི་མེད་ཅིང་།སླར་གསོར་སྐུལ་འདེད་གཏོང་བར་ཐུན་མོང་ངོས་འཛིན་དང་མཉམ་ལས་བྱེད་དགོས་ཀྱི་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་པ་དང་ལན་ཆ་བཟང་པོ་བྱུང་ཡོད།ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོའི་གོང་འཕེལ་གསར་པས་འཛམ་གླིང་ལ་གོ་སྐབས་གསར་པ་ཟམ་མི་ཆད་པར་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོས་གོམ་སྟབས་བརྟན་པོའི་སྒོ་ནས་སྒྲིག་སྲོལ་དང་སྒྲིག་གཞི།དོ་དམ།ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བཏང་ནས། རྒྱལ་ཁབ་ཁག་དང་ཕྱོགས་ཁག་གིས་ལམ་ལུགས་རྣམ་པའི་སྒོ་དབྱེའི་གོ་སྐབས་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཀྲུང་གོའི་གོང་འཕེལ་མཐོ་རིམ་གླེང་སྟེགས་ཀྱི ༢༠༢༣ ལོའི་ལོ་ཚོགས་དེ་ཉིན་དེ་རང་ལ་པེ་ཅིང་དུ་ཚོགས་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི་དཔལ་འབྱོར་སླར་གསོ་ཡོང་བར་བྱེད་པ་སྟེ། གོ་སྐབས་དང་མཉམ་ལས་ཞེས་པ་དེ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་མོལ་གནང་བ། ༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ། སྐབས༡༤པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།