ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་གྱི་ལས་ཁུངས་ལ་གཟིགས་ཞིབ་གནང་སྐབས་དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་ལ་དམིགས་ཏེ་འཐབ་ཁུལ་འཛུགས་སྐྲུན་དང་དམག་གྲབས་དམག་རྒྱག་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༦ ཉིན་ཤར་རྒྱུད་འཐབ་ཁུལ་ལས་ཁུངས་ལ་གཟིགས་ཞིབ་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཤར་རྒྱུད་འཐབ་ཁུལ་གྱི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར། དམག་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་ལ་དམིགས་པ་བཅས་བྱས་ནས། འཐབ་ཁུལ་འཛུགས་སྐྲུན་དང་དམག་གྲབས་དམག་རྒྱག་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་སྟོན་གནང་བ་རེད།
ཕྱི་དྲོའི་ཆུ་ཚོད ༣ དང་སྐར་མ ༡༥ ཡོལ་ཙམ་ལ། ཞི་ཅིན་ཕིང་ཤར་རྒྱུད་འཐབ་ཁུལ་གྱི་ལས་ཁུངས་སུ་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཤར་རྒྱུད་འཐབ་ཁུལ་གྱི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་བཙུགས་པ་ནས་བཟུང་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་ཁས་ལེན་གང་ལེགས་གནང་ཡོད།
ཞི་ཅིན་ཕིང་གིས། དེང་སྐབས་འཛམ་གླིང་འདི་ཉིད་ཟང་ཟིང་དང་འགྱུར་ལྡོག་ཆེ་བའི་དུས་སྐབས་སུ་སླེབས་ཡོད་པས། རང་རྒྱལ་གྱི་བདེ་འཇགས་དུས་བབ་ལ་བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད། དུས་དང་རྣམ་པ་ཀུན་ཏུ་ལས་འགན་བློ་ལ་བརྟན་པོ་ངེས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཐབ་ཁུལ་གྱི་འགན་ནུས་གཙོ་བོ་ཡག་པོ་སྒྲུབ་དགོས། དམག་འཁྲུག་དང་དམག་འཐབ་ཀྱི་འཆར་འགོད་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་ཁུལ་གྱི་མཉམ་འབྲེལ་དམག་འཐབ་བཀོད་འདོམས་མ་ལག་སྟོབས་ཆེར་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བཅས་བྱས་ནས། རྒྱལ་ཁ་ལེན་པའི་ནུས་པ་མགྱོགས་མྱུར་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་མཐོ་ཚད་ནས་དམག་དོན་གྱི་གནད་དོན་ལ་བསམ་གཞིགས་དང་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་པའི་སློབ་གསོ་ལག་ལེན་བྱེད་སྒོ་དམ་འཛིན་ཡག་པོ་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་སྒྲིག་ཁྲིམས་ནན་གཏོང་། རུལ་སུངས་ལ་ངོ་རྒོལ་བཅས་རྒྱུན་འཁྱོངས་བྱེད་པ། གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཏན་ཏིག་ངང་སྒྲུབ་པ། འཐབ་ཁུལ་ཏང་ཨུད་ཀྱི་འགོ་ཁྲིད་ཀྱི་དམག་གྲབས་དམག་རྒྱག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲང་ཡིའུ་ཞ་སོགས་བྱེད་སྒོར་ཞུགས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་སུའོ་ཅ་ཝ་ལེ་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཤེས་དཔལ་སྤེལ་རེས་མིག་ལྟོས་དང་སྐད་ཆ་ཤོད་རེས་ཚོགས་འདུ་སྐབས་གསུམ་པ་དང་འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་གིས་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་ནས་གཞོན་ནུའི་འགན་ཁུར་བསམ་པ་སྐུལ་སློང་བྱེད་ཅེས་བསྟན།