གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་བཞིན་པ།

སྤེལ་དུས་: 2023ལོ་08ཟླ་15ཚེས་ 10:43 ཡོང་ཁུངས་: ​ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་རྒྱུ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་རྒྱུ་ནི་དུས་ཀྱི་འཕེལ་ཕྱོགས་ཡིན་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུག་གི་བླང་བྱ་ཡང་ཡིན་ཞེས་བསྟན་གནང་ཡོད། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་ཁྲིད་སྟོན་འོག ད་ལོ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་གྲུབ་གཞི་མུ་མཐུད་ལེགས་སུ་ཕྱིན་ནས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ཁྲོད་བཟང་ཆ་དང་རང་འགུལ་དབང་ཆ་རྒྱུན་ཆད་མེད་པ་ཐོབ་ཡོད།

ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མངོན་འགྱུར་གང་མགྱོགས་བྱ་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་གཙོ་གཟུགས་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་སྦྲེལ་ཐག་དང་ཐོན་ལས་སྦྲེལ་ཐག་མ་དངུལ་སྦྲེལ་ཐག་ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་རྣམ་པའི་རྐང་འཛིན་ཁེ་ལས་ཀྱི་སྣེ་ཁྲིད་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་ཐོན་ལས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལོ་འདི་ཤར་ཚུན། ས་གནས་ཁག་གིས་གསར་གཏོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་ཡོང་བ་བྱེད་པའི་ཁྲོད་ནུས་པ་གསོག་འཇོག་བྱས་ཡོད། ཧྲའན་ཞི་པའོ་ཅི་ཡི་ནུས་རྒྱུ་གསར་པའི་རླངས་འཁོར་རིག་ནུས་བཟོ་གྲྭའི་ནང་གི་འཕྲུལ་མི ༣༠༠ ལྷག་ཙམ་གྱིས་གོ་རིམ་ལྡན་པའི་ངང་ལྷུ་ལག་ཁག་ལ་ཚ་ལ་རྒྱག་བཞིན་ཡོད། ད་ལོ་ཁེ་ལས་ཀྱིས་རླངས་འཁོར་ཧྲིལ་པོ་དང་སྒུལ་བྱེད་འཕྲུལ་འཁོར་རྣམ་གྲངས་ཀྱི་ལག་རྩལ་སྒྱུར་བཀོད་ལེགས་སྒྲུབ་བྱས་པ་དང་། ཚ་ལ་རྒྱག་རྒྱུ་རང་འགུལ་ཅན་དུ་འགྱུར་ཚད་བརྒྱ་ཆ ༡༠༠ ཟིན་པ་མ་ཟད། དུས་འཁོར་ཧྲིལ་པོར་AIརིག་ལྡན་དོ་དམ་ཚོད་འཛིན་གྱི ༤.༠ བཟོ་གྲྭ་ཡང་བཏོད་ཡོད་པ་རེད།

ད་ལོའི་ཟླ ༧ པའི་བར། ས་གནས་ཁག་ཏུ་གྲངས་འཛིན་ཅན་གྱི་འཁོར་ཁང་དང་རིག་ནུས་བཟོ་གྲྭ ༨༠༠༠ ཙམ་བསྐྲུན་པ་དང་། རིག་ནུས་བཟོ་སྐྲུན་གྱི་རྣམ་པ་གསར་པ་དང་ཇུས་གཞི་གསར་པ། བྱེད་སྟངས་གསར་པ་བཅས་ཟམ་མི་ཆད་པར་ཐོན་ནས་གྲངས་འཛིན་ལག་རྩལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

གསར་གཏོད་ལ་བརྟེན་ནས་སྐུལ་འདེད་དང་ཁྱུ་ཚོགས་འཕེལ་རྒྱས་གཏོང་བཞིན་ཡོད། སྒུལ་ཤུགས་གློག་རྫས་ནི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལྟེ་བའི་ལྷུ་ལག་རེད། ཧྥུའུ་ཅན་ཉིང་ཏེ་ཡིས་སྣེ་འདྲེན་ཁེ་ལས་ལ་དམིགས་ནས་ལིས་གློག་ནུས་རྒྱུ་གསར་པའི་ཐོན་ལས་སྦྲེལ་ཐག་རྣམ་གྲངས ༨༠ ལྷག་ཙམ་ནང་འདྲེན་བྱས་ནས་བསྐྲུན་པས། སྒོར་དུང་ཕྱུར་ཉིས་སྟོང་ལས་བརྒལ་བའི་ལིས་གློག་ནུས་རྒྱུ་གསར་པའི་ཐོན་ལས་ཚོགས་པ་ཞིག་ཆགས་ཡོད།

རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ཚད་རིམ་རྩིས་བྱས་ན་བྱེ་བ ༢ ལས་བརྒལ་བ་དང་། གོ་ལ་ཧྲིལ་པོའི་རླངས་འཁོར་ལས་རིགས་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པའི་ཐོག་མྱུར་ཚད་མགྱོགས་པོ་མངོན་འགྱུར་བྱུང་ཡོད། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱིས་རླངས་འཁོར་ཕྱིར་གཏོང་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་འཕར་ཚད་དེ་སྲོལ་རྒྱུན་གྱི་འབར་སྣུམ་རླངས་འཁོར་ལས་བརྒལ་ཡོད་པ་རེད།

སྤུས་ཚད་མགྱོགས་མྱུར་མཐོར་གཏོང་དང་ཕན་འབྲས་མགྱོགས་མྱུར་འཕར་བ་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པའི་ཁྲོད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བཞིན་ཡོད། ཅང་སུའུ་ཁྲང་ཀྲོའུ་ཡི་འོད་གློག་ཐོན་ལས་སྦྲེལ་ཐག་རིང་ཞིང་། བཟོ་སྐྲུན་སྒྲིག་ཆས་དང་གློག་རྫས་ལེབ་མོ། བཀོལ་སྤྱོད་མ་ལག་སོགས་ལ་ཁྱབ་ཡོད་པས། གཞི་ཁྱོན་ཡན་གྱི་ཁེ་ལས ༩༠ ལྷག་ཙམ་ལ་ཞི་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་ཡོད་པ་རེད།

གྲུབ་གཞི་ལེགས་སྒྲིག་ལ་སྐུལ་སྤེལ་བཏང་ནས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བའི་ཁྲོད་འགྲན་རྩོད་བྱེད་ནུས་དང་རྒྱུན་མཐུད་རང་བཞིན་ཆེ་རུ་གཏོང་བཞིན་ཡོད། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་གསར་དུ་སྒྲིག་སྦྱོར་བྱས་པའི་འོད་གློག་འཕྲུལ་འཁོར་གྱིས་གློག་འདོན་ཚད་སྟོང་ཝ་བྱེ་བ ༧ དང་ས་ཡ ༨ དང་ ༤ འབུམ ༢ ཁྲི་ཟིན་པ་དེས་གསར་དུ་སྒྲིག་སྦྱོར་བྱས་པའི་གློག་ཁུངས་སྤྱིའི་འཕྲུལ་འཁོར་གྱིས་གློག་འདོན་ཚད་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ ༥༠ ལས་བརྒལ་ཡོད་པ་རེད།

ནང་སོག་ཧུའུ་ཧོ་ཧའོ་ཐེ་ཀྲུང་ཧོན་ཐོན་ལས་གླིང་དུ་གློག་འདྲེན་ཕྱེད་གཟུགས་དང་འོད་གློག་ལས་རིགས་ཀྱི་ཁེ་ལས ༡༦ རྒྱལ་ནང་དང་རྒྱལ་སྤྱིའི་མདུན་གྲལ་དུ་ཚུད་པ་དང་། དེ་ཉིད་བྱང་གསུམ་ས་ཁུལ་དུ་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་འཚོལ་ཞིབ་དང་གསར་གཏོད་ཀྱི་ལམ་བུའི་ཐོག་སྐྱོད་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།

ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་གློག་སྒུལ་མི་ཞུགས་རླངས་འཁོར་དང་ལིས་གློག་རྫས། ཉི་ནུས་གློག་རྫས་སོགས་རྣམ་པ་གསར་པ་གསུམ་གྱི་ཐོན་རྫས་ཀྱི་ཕྱིར་གཏོང་བསྡོམས་འབོར་བརྒྱ་ཆ ༦༡.༦ འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་བརྒྱ་ཆ ༦.༥ འཕར་ཞིང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་གྱི་ཕྱོགས་སྒྱུར་ཐད་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

དམངས་ཡོངས་ཀྱིས་ལུས་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲང་གོ་ཆིང་གིས་ཧོ་པེ་རུ་གནོད་འཚེའི་རྗེས་ཀྱི་མྱུར་སྐྱོབ་སླར་གསོ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་འགན་ལེན་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་གནང་བ། ཞི་ཅིན་ཕིང་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐེར་ཐེ་དང་མཇལ་འཛོམས་གནང་བ།