གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གི་གསུང་བཤད་ལ་ཤིན་ཅང་དུ་ལན་ཆ་བཟང་པོ་བྱུང་བ།

སྤེལ་དུས་: 2023ལོ་08ཟླ་28ཚེས་ 11:17 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་།  ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་ལས་དོན་སྙན་ཞུ་གསན་སྐབས་གསུང་བཤད་གལ་ཆེན་གནང་བར་ཤིན་ཅང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ལན་ཆ་བཟང་པོ་བྱུང་ཡོད།  ཚང་མས།  ཁྲིམས་ལྟར་ཤིན་ཅང་སྐྱོང་བ་དང་། མཐུན་སྒྲིལ་བྱས་ནས་ཤིན་ཅང་བརྟན་ལྷིང་ཡོང་བ་བྱེད་པ། རིག་གནས་ལ་བརྟེན་ནས་ཤིན་ཅང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དམངས་ཕྱུག་ལ་བརྟེན་ནས་ཤིན་ཅང་དར་རྒྱས་གཏོང་བ། ཤིན་ཅང་ཡུན་རིང་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལས་དོན་ཁག་གཏིང་ཟབ་དང་ཞིབ་ཚགས་ཏན་ཏིག་བཅས་ཀྱི་སྒོ་ནས་བསྒྲུབ་རྒྱུ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཐུན་སྒྲིལ་ཞི་མཐུན་དང་།  དར་རྒྱས་འབྱོར་ཕྱུག  ཤེས་དཔལ་ཡར་ཐོན།  བདེ་སྡོད་ལས་བརྩོན།  འབྱུང་ཁམས་མཛེས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་གང་ལེགས་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཡིན་ལ།  མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་ཀྱང་རེད།  ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།  ཨུ་ལུམ་ཆི་གྲོང་ཁྱེར་ཐན་ཧྲན་ཆུས་ཀུའུ་ཡོན་སྲང་ལམ་སྡེ་ཁུལ་གྱི་ཏང་གི་སྤྱི་ཁྱབ་ཀྲེ་པུའུ་ཧྲུའུ་ཅི་ཀྲང་ཡའོ་ཝུན་གྱིས།  ང་ཚོའི་སྡེ་ཁུལ་ནི་མི་རིགས་མང་པོ་མཉམ་དུ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཞིག་ཡིན་པ་དང་།  མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་ཡིན། ང་ཚོས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་དམ་པོར་གཞིགས་ཏེ།  ཚང་མར་ལས་དོན་ཡག་པོ་སྒྲུབ་རོགས་དང་།  བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་དབར་བློ་ཐག་ཉེ་པོ་དང་སོ་སྲུང་རོགས་རེས་བྱ་རྒྱུར་སྐུལ་འདེད་བཏང་སྟེ།  མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པ་དང་། མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བཤད་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་།  ལས་བྱེད་པ་དང་མང་ཚོགས་ཚོས་ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་།  མི་རིགས་ལྟ་བ།  ལོ་རྒྱུས་ལྟ་བ།  ཆོས་ལུགས་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་གནང་བ་རེད། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལའེ་ཆང་གིས།  ང་ཚོས་ཤིན་ཅང་གི་མངོན་མིན་རིག་གནས་ཤུལ་བཞག་ཁང་འཛུགས་སྐྲུན་ཡག་པོ་བྱས་ཏེ།  ཁྱོན་ཡོངས་དང་རྣམ་པ་མི་འདྲ་བའི་ཐོག་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་དང་བརྒྱུད་བསྒྲགས།  དར་སྤེལ་བཅས་གཏོང་རྒྱུ་ཡིན་ལ་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་ཤིན་ཅང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་།  རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ།ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད།  ཤིན་ཅན་ལ་གོ་སྐབས་གསར་པ་འཕྲད་ཡོད་པས་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་གནང་བ་རེད།  ཧ་སྨི་གྲོང་ཁྱེར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧན་པིང་གིས།  ཧ་སྨི་གྲོང་ཁྱེར་ནི་རྒྱལ་ཡོངས་སུ་རླུང་དང་འོད་ཀྱི་ཐོན་ཁུངས་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཡིན་པ་དང་།  ང་ཚོས་རང་ངོས་ཀྱི་ཐོན་ཁུངས་བཟང་ཆར་གཞིས་ཚུགས་པ་དང་། ཐཱན་གཉིས་དམིགས་འབེན་ལ་གཞིགས་པ། རླུང་ནུས་དང་།  འོད་ཧྥུ།ཆིང་ནུས། ནུས་གསོག་བཅས་གཞི་གཅིག་ཅན་གྱི་གོང་འཕེལ་ལ་གཞིགས་ཏེ།  འོད་ཧྥུའི་ཐོག་ནུས་གསོག་སྣོན་པ་དང་། འོད་ཧྥུའི་ཐོག་བྱེ་བཅོས་སྣོན་པ་སོགས་འོད་ཧྥུའི་ཐོག་གཞན་སྣོན་པའི་ཐོན་ལས་མ་དཔེ་གཏོད་དེ།  སྦགས་མེད་དེ་ཤིན་ཅང་གི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་མངོན་གསལ་དོད་པའི་རང་མདངས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཤིན་ཅང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁཚ༿ོགས་པ༾ཚད་ཡོད་འགན་འཁྲི་ཀུང་སིའི་ལས་འཛིན་དཔོན་མ་ཁྲུན་ལེ་ཡིས།སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལྟར། ཤིན་ཅང་གི་ཐུན་མིན་ས་ཁོངས་བཟང་ཆ་འདོན་སྤེལ་བྱས་ཏེ་གོང་འཕེལ་གྱི་གནས་སྟངས་གསར་པར་ཞབས་ཞུ་ཧུར་ཐག་བསྒྲུབ་པ་དང་དེའི་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་ཡིན།  ང་ཚོས་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་བགྲོད་ལམ་རྩེ་གྲ་དང་ནུབ་ཕྱོགས་སུ་སྒོ་དབྱེ་བའི་ཟམ་སྣེའི་བཙན་རྫོང་གཏོད་པ་དང་།  ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྟེགས་བུའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཟོག་འགྲེམས་དང་།  ཉོ་ཚོང་།  ཐོན་ལས།  དངུལ་རྩ།  གྲངས་གཞི་བཅས་གཞི་གཅིག་ཅན་གྱི་འབྱུང་ཁམས་ཁོར་ཡུག་གཏོད་པ་བཅས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་གི་ལྟེ་བའི་ཁུལ་འཛུགས་སྐྲུན་དང་ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་ལ་ཞབས་ཞུ་སྔར་ལས་ལྷག་པ་བསྒྲུབ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་གྲོང་གསེབ་ཏུ་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གོང་འཕེལ་གྱི་དམ་འཛིན་བྱ་གཞིར་བརྩིས་ནས།  དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།  ཧོ་ཐན་རྫོང་པུ་ཀྲ་ཁེ་ཤང་ཁུ་མུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཙོའུ་ཧུའེ་ཡིས། མུ་མཐུད་དེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་སྟར་ཁའི་ཁྱད་ལྡན་བཟང་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཐོག དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།  ཞིང་པའི་འབབ་འཕར་ཐབས་ལམ་རྒྱུན་མཐུད་རྒྱ་སྐྱེད་བཏང་སྟེ། སྟར་ཁའི་ཐོན་ལས་དེ་ཞིང་པའི་རེ་བའི་ཐོན་ལས་སུ་འགྱུར་བ་དང་།  ཚང་མ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། དམག་དཔུང་དང་ས་གནས་མིག་མངས་སྒྲིག་སྐོར་གཅིག་ལྟར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། འཇིགས་སྐུལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། འབྱུང་ཁམས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ། ལས་བྱེད་ཤེས་ལྡན་པ་སོགས་ཀྱི་ཐད་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད།  དམག་དཔུང་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་གསུངས་ཡོད། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་དམག་དཔུང་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ཕྱོགས་བསྡུས་ཚོགས་ཆུང་གི་ཙུའུ་ཀྲང་ལུའུ་ཀྲེན་ཆུང་གིས། ང་ཚོས་དམག་དཔུང་དང་ས་གནས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་དང་གཏིང་ཚད་ལ་སྔར་བས་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཐུན་མོང་ཐོག་དར་རྒྱས་དང་། ཐོན་ལས་འཕེལ་རྒྱས་མཉམ་འགུལ། རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན། འབྱུང་ཁམས་ཤེས་དཔལ་མཉམ་གཏོད། མི་རིགས་མཐུན་སྒྲིལ་མཉམ་སྤེལ། སྤྱི་ཚོགས་བརྟན་ལྷིང་གི་འགན་མཉམ་འཁུར་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐོག་ནས་ཤིན་ཅང་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཤིན་ཅང་གི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པ་དེ་ཡིན་ཞེས་ནན་སྟོན་གནང་ཡོད།  ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲོའུ་ཧྲི་ཅིན་གྱིས། ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་རྒྱུ་ཡིན།  ང་ཚོས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་ལག་ལེན་ལ་ཁྲིད་སྟོན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས།  མིག་སྔའི་འཕེལ་རྒྱས་དང་བརྟན་ལྷིང་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་དང་།  ཕུགས་དང་འབྲེལ་བ་ཡོད་པའི་གཏིང་ཟབ་པའི་འགལ་བ་དང་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ལ་ཞུཊ་པ། ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ།