ཟླ ༡༡ ཚེས ༨ ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས ༢༠༢༣ ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་སྒྲོན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༡༡ ཚེས ༨ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༡༡ ཚེས ༨ ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས ༢༠༢༣ ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ༢༠༡༥ ལོར་ངས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གོ་ལ་ཧྲིལ་པོའི་དྲ་སྦྲེལ་འཕེལ་རྒྱས་དང་བཅོས་སྐྱོང་གི་རྩ་དོན་བཞི་དང་འདོད་ཚུལ་ལྔ་བཏོན་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ལུགས་དར་སྤེལ་བཏང་བ་ཡིན། འདུ་ཤེས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་པ་དང་བརྡ་ལན་ཧུར་ཐག་ཞུས་ཡོད། དེང་སྐབས་ཀྱི་འཛམ་གླིང་ལ་འགྱུར་ལྡོག་དང་ཟང་ཟིང་མཉམ་དུ་གནས་པ་དང་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད། འཕེལ་རྒྱས་ཀྱི་མཚལ་ཡིག་ཇི་ལྟར་ཐག་གཅོད་བྱེད་པ་དང་། བདེ་འཇགས་ཀྱི་དཀའ་གནད་ལས་ཇི་ལྟར་སྒྲོལ་བ། ཤེས་དཔལ་དཔྱད་གཞིར་འཛིན་པར་ཤུགས་སྣོན་ཇི་ལྟར་རྒྱག་པ་བཅས་ནི་ང་ཚོར་ཐུན་མོང་ཐོག་འཕྲད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་རེད། དྲ་སྦྲེལ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགུལ་ནུས་གསར་པ་དང་། བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་མངའ་ཁོངས་གསར་པ། ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་ལས་སྟེགས་གསར་པ་བཅས་སུ་འགྱུར་བཞིན་ཡོད་པས། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ནི་དུས་རབས་ཀྱི་བརྗོད་གཞིར་ལན་འདེབས་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་འབོད་སྒྲ་ཞིག་ཀྱང་རེད། ང་ཚོས་སྤེལ་རེས་དང་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་དུས་མཚམས་གསར་པར་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
ང་ཚོས་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་དར་སྤེལ་བཏང་ནས་དེ་བས་ཀུན་ཕན་གྲ་རྒྱས་ཀྱི་དྲ་རྒྱའི་བར་མཐོངས་གཏོད་དགོས། གྲངས་འཛིན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཟབ་ཏུ་བཏང་ནས་ཚན་རྩལ་གྲུབ་འབྲས་དངོས་སྒྱུར་མགྱོགས་སུ་གཏོང་དགོས། ཆ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་མགྱོགས་པོ་གཏོང་བ་དང་། གྲངས་གཞིའི་ཧེ་བག་ཆུང་དུ་གཏོང་བ། དྲ་སྦྲེལ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་དང་མི་དམངས་དེ་བས་མང་བར་དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།
ང་ཚོས་བདེ་སྡུག་མཉམ་མྱོང་དར་སྤེལ་བཏང་ནས་དེ་བས་ཞི་བདེ་དང་བདེ་འཇགས་ལྡན་པའི་དྲ་རྒྱའི་བར་མཐོངས་གཏོད་དགོས། དྲ་རྒྱའི་བདག་དབང་ལ་བརྩི་འཇོག་བྱས་ནས་རྒྱལ་ཁབ་ཁག་གི་དྲ་སྦྲེལ་འཕེལ་རྒྱས་ཀྱི་འགྲོ་ལམ་དང་བཅོས་སྐྱོང་བྱེད་སྟངས་ལ་བརྩི་འཇོག་བྱེད་དགོས། དྲ་རྒྱའི་བར་མཐོངས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ནས་དྲ་རྒྱའི་བཙན་དབང་གི་བྱེད་སྤྱོད་བྱེད་མི་རུང་བ་དང་། དྲ་རྒྱའི་བར་མཐོངས་སུ་དཔུང་ཤོག་བསྒྲིགས་ནས་འགྲན་རྒོལ་དང་དམག་ཤུགས་འགྲན་བསྡུར་བྱེད་མི་རུང་བ། དྲ་རྒྱའི་བདེ་འཇགས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་གཞི་གྲངས་ཀྱི་བདེ་འཇགས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་འཕེལ་རྒྱས་ལས་བྱུང་བའི་སྒྲིག་སྲོལ་གྱི་གདོང་གཏུག་དང་། སྤྱི་ཚོགས་ཀྱི་ཉེན་ཁ། མི་ཆོས་ཀྱི་འགྲན་སློང་བཅས་ལ་ཁ་གཏད་འོས་འཚམ་འཇལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ༼གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ༽དོན་འཁྱོལ་བྱས་ནས་མི་ཐབས་རིག་ནུས་བདེ་འཇགས་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།
ང་ཚོས་ཤེས་རིག་མྱོང་ལེན་བྱེད་རེས་དར་སྤེལ་བཏང་ནས་དེ་བས་འདྲ་མཉམ་དང་བསྟུན་མཁས་ཀྱི་དྲ་རྒྱའི་བར་མཐོངས་ཤིག་གཏོད་དགོས། དྲ་ཐོག་གི་སྤེལ་རེས་དང་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ཤེས་དཔལ་མི་འདྲ་བ་བསྟུན་མཁས་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་སྔར་བས་དར་སྤེལ་གཏོང་དགོས། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་རིག་གནས་ཐོན་རྫས་སྤུས་དག་ཐོན་སྐྱེད་དང་ཁྱབ་སྤེལ་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་གྲུབ་འབྲས་ཕུལ་བྱུང་འགྲེམས་སྟོན་གང་ལེགས་བྱེད་པ། ཤེས་དཔལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་དྲ་ཐོག་གི་བསམ་པའི་ཁྱིམ་གཞིས་ཐུན་མོང་ཐོག་སྐྲུན་དགོས།
མཇུག་ཏུ་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆ་འཕྲིན་གསར་བརྗེའི་དུས་རབས་ཀྱི་རླབས་རྒྱུན་ལང་ལོང་དུ་འཕྱུར་བཞིན་ཡོད་པས། དྲ་རྒྱའི་བར་མཐོངས་ལ་མིའི་རིགས་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་བཅངས་པའི་ཡིད་སྨོན་ཚད་མེད་ལྡན་ཡོད། ང་ཚོས་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ། དྲ་སྦྲེལ་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་པ་དང་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།
༢༠༢༣ ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཟླ ༡༡ ཚེས ༨ ནས ༡༠ ཉིན་བར་ཀྲེ་ཅང་ཝུའུ་ཀྲེན་དུ་འཚོགས་ཤིང་། དབུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་བསྟུན་མཁས་དང་། ཀུན་ཕན། མཉེན་ཤུགས་ལྡན་པ་བཅས་ཀྱི་གྲངས་འཛིན་འཛམ་གླིང་བསྐྲུན་ཏེ་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་དགོས་ཞེས་པ་དེ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཧྥེང་ཆའོ་རྣམ་པའི་ལས་དོན་སྒྲུབ་སྟངས་ལ་བདམས་པའི་ཚན་པའི་འཐུས་མིར་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་ནས་ཧྥེང་ཆའོ་ལས་རྣམ་གྱི་འཐུས་མི་དང་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་ནང་འདྲེན་དངོས་མང་འགྲེམས་ཚོཊ་འདིར་འཕྲིན་ཡིག་གནང་།