གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

༼ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ༢༿༠༢༣ ལོའི་པར་མ༾༽བཀྲམ་པ།

སྤེལ་དུས་: 2023ལོ་12ཟླ་25ཚེས་ 11:43 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི༼ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གླེང་བ༢༿༠༢༣ ལོའི་པར་མ༾༽ཞེས་པའི་དེབ་འདི་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

ཆེད་དོན་རྩོམ་ཡིག་ཕྱོགས་བསྒྲིགས་འདིའི་ནང་། ༢༠༡༣ ལོའི་ཟླ ༩ པ་ནས ༢༠༢༣ ལོའི་ཟླ ༡༡ པའི་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན ༧༨ བསྡུས་ཡོད་པ་རེད།

རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དེ་ཀྲུང་གོས་ཐོག་མར་བཏོན་པ་དང་། གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་དབང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུའི་གྲོས་འགོ་བཏོན་གནང་བ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐུན་མོང་གི་ཕུགས་འདུན་ལ་དམིགས་ཏེ། འཛམ་གླིང་ལ་ཤར་ཕྱོགས་ཀྱི་བློ་གྲོས་ཀྱིས་ཕྱུག་པའི་ཐུན་མོང་དར་རྒྱས་གོང་འཕེལ་གྱི་ཇུས་གཞི་ཞིག་མཁོ་འདོན་གནང་བ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་མཉམ་སྐྲུན་རྒྱལ་ཁབ་ཁག་གིས་ལན་ཆ་ཧུར་ཐག་ཞུས་ཡོད།  རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དེས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱེད་པ་དང་། ཤེས་དཔལ་དང་རིག་གནས། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་དུས་རིམ་བཅས་མི་འདྲ་བའི་ཁྱད་པར་ལས་བརྒལ་ནས། རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་ཐབས་ལམ་གསར་པ་ཞིག་བཏོད་ཡོད་ཅིང་། རྒྱལ་སྤྱིའི་མཉམ་ལས་ཀྱི་སྒྲོམ་གཞི་གསར་པ་འཛུགས་པ་དང་། མིའི་རིགས་ཐུན་མོང་འཕེལ་རྒྱས་གཏོང་བའི་སྤྱིའི་བགོ་གྲངས་ཆེ་ཤོས་གཅིག་ཏུ་བསྡུས་ཡོད་པས། རྒྱ་ཁྱབ་ངང་དགའ་བསུ་ཐོབ་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་ཞིག་ཏུ་གྱུར་བ་དང་། མཉམ་སྐྲུན་རྒྱལ་ཁབ་ལ་གཉིས་ཕན་མཉམ་རྒྱལ་བྱུང་བ། འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱས་པ་མ་ཟད། ཀྲུང་གོའི་སྒོ་དབྱེ་འཕེལ་རྒྱས་ལ་ཡང་གནམ་ས་གསར་པ་ཞིག་ཕྱེ་ཡོད། དོན་དངོས་ལས་ར་སྤྲོད་ཐུབ་པར།  རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་གནས་པ་དང་། དེ་ནི་དུས་རབས་ཡར་ཐོན་གྱི་གཏན་ཚིགས་དང་མཐུན་ཞིང་། མི་ཡུལ་གྱི་འགྲོ་ལམ་ཡང་དག་ཐོག་ཏུ་བསྐྱོད་པ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཛུབ་ཁྲིད་རྩ་དོན་དང་། ཕུན་སུམ་ཚོགས་པའི་ནང་དོན། དམིགས་ཚད་ཐབས་ལམ་སོགས་རྒྱས་བཤད་གཏིང་ཟབ་གནང་བ་དེས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྒོ་དབྱེ་ཁོང་ཡངས་དང་། མཉམ་སྦྲེལ་མཉམ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ལི་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་ནས་ཀན་སུའུ་ལ་ས་ཡོམ་བརྒྱབ་པའི་ཐད་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་ཨའེ་སྨིར་ལ་མྱ་ངན་ཞུ་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་མཛའ་གྲོགས་མི་སྣའི་འཐུས་མི་དང་མཇལ་འཕྲད་གནང་བ།