པེ་ཅིང་གི་དུས་ཚོད་ཟླ ༡༢ ཚེས ༡༨ ཉིན་གྱི་ཆུ་ཚོད ༢༣ དང་སྐར་མ ༥༩ ཐོག ཀན་སུའུ་ལིན་ཞ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ ༦.༢ བརྒྱབ་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ ༡༠ ཟིན་ཡོད། ཚེས ༡༩ ཉིན་གྱི་ཆུ་ཚོད ༨ དང་སྐར་མ ༡༠ བར། ས་ཡོམ་ནང་ཀན་སུའུ་ཕྱོགས་ཀྱི་མི ༡༠༠ གྲོངས་པ་དང་མཚོ་སྔོན་ཕྱོགས་ཀྱི་མི ༡༡ གྲོངས་ཡོད། གཞན་ཡང་། ཆུ་དང་གློག འགྲིམ་འགྲུལ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལ་གཏོར་སྐྱོན་ཕོག་ཡོད།
ས་ཡོམ་བརྒྱབ་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ཡོད། ཁོང་གིས། ཀན་སུའུ་ལིན་ཞ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ ༦.༢ བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་ཡོད་པས། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་རྨས་མ་དུས་ཐོག་ཏུ་སྐྱོབ་བཅོས་བྱས་ཏེ་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། གནོད་འཚེ་ཕོག་ཁུལ་དེ་ས་བབ་མཐོ་བའི་ས་ཁོངས་སུ་གནས་པ་དང་། གནམ་གཤིས་གྲང་ངར་ཆེ་བས། ས་ཡོམ་གྱི་གནས་ཚུལ་དང་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ནས་ཞོར་ཐོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས། ཉེན་སེལ་རོགས་སྐྱོབ་དངོས་ཟོག་གང་མགྱོགས་སྒྲིག་འཛུགས་དང་གཏོང་སྤྲོད་བྱེད་པ་དང་། གཏོར་སྐྱོན་ཐེབས་པའི་གློག་ཤུགས་དང་། འཕྲིན་གཏོང་། འགྲིམ་འགྲུལ། དྲོད་རླངས་མཁོ་འདོན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ་བཅས་ཀྱི་ཁར་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་གནས་ཀྱི་ཉེན་སེལ་གེགས་སེལ་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་སྒྲིག་འཛུགས་དང་། ཉེན་གྱར་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་ནས། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། ད་ལྟ་དགུན་དུས་ཡིན་པས། གནོད་འཚེ་ཕོག་ཚུལ་ཞིབ་དཔྱད་བྱ་རྒྱུར་དམ་འཛིན་བྱས་ནས་གནོད་འཚེ་ཕོག་པའི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་མྱུར་བཟོ་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་གི་ལས་དོན་འོས་འཚམ་ངང་ཡག་པོ་སྒྲུབ་པ། དུས་ཐོག་ཏུ་ཆ་འཕྲིན་ཡོངས་བསྒྲགས་བཅས་བྱས་ནས། གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞོར་ཐོན་གནོད་འཚེ་སྣ་ཚོགས་ཐོན་རྒྱུར་དོགས་ཟོན་བྱས་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་རོགས་སྐྱོབ་དང་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་ཡོད་པ་རེད། ཀན་སུའུ་དང་མཚོ་སྔོན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཉེན་སེལ་རོགས་སྐྱོབ་བྱས་པ་མ་ཟད། གུར་དང་ལྟེབ་བརྩེགས་རྒྱག་ཆོག་པའི་ཉལ་ཁྲི། སྲིང་བལ་གྱི་ཉལ་ཆས་སོགས་གེགས་སེལ་དངོས་ཟོག་ཛ་དྲག་ངང་གནོད་འཚེ་ཕོག་ཁུལ་དུ་དབོར་ནས་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་ཡོད། མིག་སྔར་ཡོམ་འགོག་གནོད་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཁུ་ཝེ་ཐེའི་ཨའེ་སྨིར་ལ་མྱ་ངན་ཞུ་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ལྷན་དུ་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་མཛའ་གྲོགས་མི་སྣའི་འཐུས་མི་དང་མཇལ་འཕྲད་གནང་བ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོཊ་སྐོང་འཚོཊ་བྱས་པ། ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་བ།