གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་མ་ཡིང་ཅིའུ་དང་བཅས་པར་མཇལ་འཕྲད་གནང་བ།

སྤེལ་དུས་: 2024ལོ་04ཟླ་11ཚེས་ 12:47 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས ༡༠ ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་མ་ཡིང་ཅིའུ་དང་བཅས་པར་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་དུས་རབས་རིམ་བྱུང་གི་མེས་པོ་རྣམས་ཐའེ་ཝན་དུ་གནས་སྤོས་ཤིང་མི་རབས་ཚ་རྒྱུད་དེ་གར་འཚོ་གནས་བྱས་པ་བཀོད་ཡོད་ལ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་ཕྱི་ཕྱོགས་ཀྱི་བརྙས་བཅོས་བཀག་འགོག་དང་ཐའེ་ཝན་སླར་གསོ་བྱས་པ་ཡང་བཀོད་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་བསྐྱོད་ཡོང་བའི་ལམ་བུའི་ཐོག་མཚོ་འགག་གཡས་གཡོན་གཉིས་ཁ་འབྲལ་ཐབས་མེད་པའི་ལོ་རྒྱུས་བྲིས་ཡོད་པ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་ཁྲག་རྒྱུད་འབྲེལ་བའི་ལོ་རྒྱུས་ཀྱི་དོན་དངོས་བརྐོས་ཡོད་ཅེས་གསུངས་ཡོད།

མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་བ་ཡིན་པས། སེལ་མི་ཐུབ་པའི་སེམས་པའི་གཅོང་ནད་མེད་ཅིང་། གྲོས་བསྡུར་བྱེད་མི་ཐུབ་པའི་གནད་དོན་མེད་ལ། ང་ཚོ་ཁ་ཕྲལ་དུ་གཏོང་ཐུབ་མཁན་གྱི་སྟོབས་ཤུགས་ཤིག་ཀྱང་མེད། མཚོ་འགག་བར་ཐག་གིས་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་ཤ་རུས་གཅིག་པའི་བརྩེ་དུང་གི་བར་ཐག་གཅོད་མི་ཐུབ་ཅིང་། ལམ་ལུགས་མི་འདྲ་བས་མཚོ་འགག་གཡས་གཡོན་གཉིས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ལ་གཏོགས་པའི་དོན་དངོས་ལ་འགྱུར་བ་གཏོང་མི་ཐུབ་ལ། ཕྱི་རོལ་གྱི་ཐེ་ཇུས་ཀྱིས་ཁྱིམ་ཚང་དང་རྒྱལ་ཁབ་མཉམ་འཛོམས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོར་བཀག་འགོག་ཀྱང་བྱེད་མི་ཐུབ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་ད་བར་བསྐྱོད་པའི་ལམ་བུའི་ཐོག་ཐོག་མཐའ་བར་གསུམ་དུ་གཅིག་རྒྱུན་གཅིག་འཛིན་དང་བསམ་སྦྱོར་གཅིག་མཐུན། སོ་སྲུང་རོགས་རེས་བཅས་བྱེད་བཞིན་ཡོད།

ཞི་ཅིན་ཕིང་གིས། གཞོན་ནུ་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན། མཚོ་འགག་གཡས་གཡོན་གཉིས་ཀྱི་གཞོན་ནུ་བཟང་ན་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྱུང་འགྱུར་གཞི་ནས་བཟང་ངེས་རེད། མཚོ་འགག་གཡས་གཡོན་གཉིས་ཀྱི་གཞོན་ནུ་རྣམས་ནས་ཀྲུང་གོ་བ་བྱེད་པའི་བློ་སྤོབས་དང་། སྙིང་སྟོབས། གདིང་ཤུགས་བཅས་ཆེ་རུ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་མུ་མཐུད་རྩོམ་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླར་ཐུན་མོང་གི་ཁྲག་རྒྱུན་དང་། ཐུན་མོང་གི་རིག་གནས། ཐུན་མོང་གི་ལོ་རྒྱུས་བཅས་ཡོད་པ་དང་། དེ་བས་གལ་འགངས་ཆེ་བ་ཞིག་ནི་ང་ཚོར་མི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་ཡོད་པ་དང་འབྱུང་འགྱུར་ཐད་ཀྱི་ཐུན་མོང་གི་རེ་སྒུག་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་དང་ཕུགས་ཀྱི་གོང་འཕེལ་ལ་གཞིགས་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་གནས་བབ་ཧྲིལ་པོ་ཁོང་དུ་ཆུད་པ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་མཐའ་གཅིག་ཏུ་སྲུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་མཐའ་གཅིག་ཏུ་མཉམ་དུ་གཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་གཅིག་ཏུ་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མཐའ་གཅིག་ཏུ་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། ཟླ ༤ ཚེས ༣ ཉིན། ཧྭ་ལེན་རྫོང་མཚོ་ཁོངས་སུ་ས་ཡོམ་རིམ་པ ༧ .༣ བརྒྱབ་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་བཟོས་པར། ང་རང་ནས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་རྒྱུ་དང་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

མ་ཡིང་ཅིའུ་ཡིས་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་མཐའ་འཁྱོངས་དང་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱ་རྒྱུ་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་འཕེལ་འགྲོ་བའི་ཐུན་མོང་གི་ཆབ་སྲིད་རྨང་གཞི་ཡིན། མཚོ་འགག་གཡས་གཡོན་གཉིས་ཀྱི་མི་དམངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་། ཚང་མ་མེས་པོ་ཡན་ཧོང་གཉིས་ཀྱི་བུ་རབས་ཚ་རྒྱུད་ཡིན་པས། སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་ཧྭ་ཡི་རིག་གནས་ཐུན་མོང་ཐོག་རྒྱུན་འཛིན་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་བདེ་སྐྱིད་ཆེ་རུ་གཏོང་བ། ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་ཧྭ་དར་རྒྱས་གཏོང་རྒྱུ་དམ་པ་དོན་དུ་གཉེར་དགོས་ཞེས་བརྗོད་ཡོད།

ཚོགས་འདུར་ཞུགས་པའི་ཐའེ་ཝན་གྱི་གཞོན་ནུའི་འཐུས་མིས་གཏམ་བཤད་སྤེལ་ཡོད།

ཝང་ཧུའུ་ཉིང་དང་ཚའེ་ཆི་སོགས་མཇལ་འཕྲད་ནང་ཞུགས་ཡོད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་སྨི་ཁེ་ལུའོ་ཉི་ཞི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཞི་སྨི་ནཱ་དང་མཇལ་མོལ་གནང་བ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ་དང་མཇལ་འཛོམས་གནང་བ། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་རྒྱལ་ཚོཊ་ཀྱི་ཀྲུའུ་ཞི་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།